ཁྲེང་ཀོང་ཁྲེང་གིས་ཨ་རིའི་གཞུང་ཚབ་ཁང་དུ་སྐྱབས་བཅོལ་།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པ་ཁྲེན་ཀོང་ཁྲེང་ཨ་རིའི་སྲུང་སྐྱོབ་འོག་ཉར་བ་དེས་རྒྱ་ནག་ངོ་ཚ་པོ་ཆགས་པ།

2012.04.30

༄༅༎རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པ་ཁྲེན་ཀོང་ཁྲེང་ ཨ་མི་རི་ཀའི་སྲུང་སྐྱོབ་འོག་ཉར་བ་དེས་རྒྱ་ནག་ངོ་ཚ་པོ་ཆགས་པ་མ་ཟད་ ཡུལ་གྲུ་གཉིས་ཀྱི་འབྲེལ་བར་ཡང་གནོད་སྐྱོན་བཟོ་སྲིད་པ་ཞིག་ཡིན་པ་རེད། ད་ལྟའི་ཆར་ཨ་མི་རི་ཀ་དང་ རྒྱ་ནག་གཉིས་ཀས་ལོ་ན་༤༠སོན་པའི་ ཁྲེན་ཀོང་ཁྲེང་གང་དུ་ཡོད་མེད་སྐོར་གསུང་གི་མེད་པ་རེད་། ཉིན་གྲངས་བརྒྱད་ཙམ་གོང་ རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་བལྟ་བ་མི་མཐུན་པ་ ཁྲེན་ཀོང་ཁྲེང་ཁོང་བཟང་བཙོན་ནས་བྲོས་བྱོལ་དུ་ཕྱིན་ཏེ་ ཨ་རིའི་གཞུང་ཚབ་ཁང་དུ་སྐྱབས་བཅོལ་དུ་གནས་ཡོད་པ་རེད། ཁྲེན་ཀོང་ཁྲེང་ཁོང་གི་གནད་དོན་དེ་ནི་ཨ་རི་དང་རྒྱ་ནག་དབར་ཧ་ཅང་ཚོར་བ་ཆེ་བའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་རེད། 
ཁྲེན་ཀོང་ཁྲེང་གི་གྲོགས་པོ་ཞིག་གིས་ ཁོང་ད་ལྟ་ཨ་རིའི་གཞུང་ཚབ་ཁང་དུ་ཡོད་ཀྱང་ ཁོང་གིས་ཨ་རིའི་གཞུང་ལ་སྐྱབས་བཅོལ་ཞུ་རྩིས་མེད་ལུགས་གསུང་བཞག། གལ་སྲིད་ཁོང་གིས་ ཨ་རིར་སྐྱབས་བཅོལ་མ་ཞུས་ཚེ་ ཁོང་པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དུ་གནས་སྐབས་རིང་སྡོད་དགོས་ཆགས་སྲིད་པ་རེད།
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་རེས་གཟའ་ལྷག་པ་ཉིན་རྒྱ་ནག་ཏུ་རྒྱ་ནག་གི་དབུ་ཁྲིད་རྣམས་དང་ལྷན་དུ་གྲོས་མོལ་གནང་ཆེད་ཕེབས་གཏན་འཁེལ་ཡོད་པ་དང་ ལྕམ་ཀི་ལིན་ཀྲེན་མཆོག་གིས་རྒྱ་ནག་གཞུང་གིས་ཁྲེན་ཀོང་ཁྲེང་སོགས་མང་གཙོའི་ལས་འགུལ་བར་གདུག་རྩུབ་བྱེད་བཞིན་པ་དེར་ ཡང་ནས་ཡང་དུ་སྐྱོན་བརྗོད་ཞུས་ཏེ་ ཁོང་བཙོན་ཁང་ནས་གློད་འགྲོལ་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་རྒྱ་ནག་ཏུ་མ་ཕེབས་པའི་ཉིན་ཤས་གོང་གནས་ཚུལ་དེ་བྱུང་བ་དེ་ནི་ དུས་ཚོད་ཀྱི་ཆ་ནས་དུས་ཚོད་སྡུག་པོ་ཞིག་འཁེལ་ཡོད་ལུགས་ ཧོང་ཀོང་གི་གཙུག་ལག་སློབ་གྲ་ཆེན་མོའི་རྒྱ་ནག་མཁས་པ་ཇོན་པིཡེར་ཁ་སྦེསི་ཀྲེན་ཞུ་བས་གསུང་བཞག། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་༢༠༠་ཙམ་ལ་མཇལ་ཁ་སྩལ་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎