རྒྱལ་སྤྱིས་རྒྱ་ནག་ལ་དྭོགས་ཟོན་བྱེད་དགོས་པའི་ཉེན་བརྡ།

ཨ་རིར་སྐྱབས་བཅོལ་དུ་འབྱོར་བའི་རྒྱ་རིགས་ཡུད་ཇལ་ནས་རྒྱལ་སྤྱིས་རྒྱ་ནག་ལ་དྭོགས་ཟོན་དགོས་པའི་ཉེན་བརྡ་བཏང་འདུག

2012.01.22

༄༅༎ད་ཆ་ཨ་རིར་ཡུལ་གྱར་དུ་ཕེབས་པའི་རྩོམ་པ་པོ་དང་། རྒྱ་ནག་གཞུང་ཕྱོགས་དང་སྲིད་དོན་ལྟ་བ་ཐ་དད་འཛིན་མཁན་ཡུད་ཇལ་ནས།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་དྭོགས་ཟོན་བྱེད་དགོས་པའི་ཉེན་བརྡ་ཞིག་བཏང་གནང་འདུག
དེའང་གཟའ་འཁོར་སྔོན་མ་དེའི་ནང་། ཨ་རིར་ཡུལ་གྱར་དུ་ཕེབས་པའི་རྒྱ་ནག་གཞུང་ཕྱོགས་དང་སྲིད་དོན་ལྟ་བ་ཐ་དད་འཛིན་མཁན་དང་། རྒྱ་ནག་གི་སྐད་གྲགས་ཡོད་པའི་རྩོམ་པ་པོ་ཡུད་ཇལ་ནས་ཉེ་ཆར་གཏམ་བཤད་ཤིག་གནང་ཏེ། པེ་ཅིང་སྲིད་གཞུང་གིས་ཕྱི་ཕྱོགས་ལ་འདྲེན་པའི་རྒྱ་ནག་གི་གུང་ཁྲན་རིང་ལུགས་ཀྱི་བྱེད་སྟངས་དེ་ཚོར་། རྒྱལ་སྤྱིའི་སྤྱི་ཚོགས་ནས་དྭོགས་ཟོན་ཆེན་པོ་བྱེད་དགོས་པའི་ཉེན་བརྟ་བཏང་གནང་འདུག་ལ། ད་དུང་ཡུད་ཇལ་ནས། གདོན་འདྲེ་ནང་བཞིན་གྱི་པེ་ཅིང་སྲིད་གཞུང་དེ་ནི་གྲང་དམག་སྐབས་ཀྱི་དེ་སྔའི་ཨུ་རུ་སུའི་རྒྱལ་ཁབ་དེ་ལས་དེ་བས་ཉེན་ཁ་ཆེ་བ་ཡོད་པ་དང་། དེ་སྔའི་ཨུ་རུ་སུའུ་དེ་ནི་ཡོལ་ལའི་བརྒྱབ་ལ་ཡིབ་ནས་བསྡོད་མཁན་ཞིག་ཡིན་པ་དང་། ཡིན་ནའང་ད་ཆའི་པེ་ཅིང་སྲིད་གཞུང་དེ་ནི་དེ་ལྟར་ཞིག་མ་ཡིན་པར་། སྲིད་གཞུང་དེས་རང་གི་མི་དམངས་ལ་གནོད་འཚེ་གཏོང་བ་དང་ཆབས་ཅིག ད་དུང་ཨ་ཕི་རི་ཀ་ལ་སོགས་པའི་ས་ཁུལ་གཞན་གྱི་ཐོག་ལ་རང་ཉིད་ཀྱི་གུང་ཁྲན་ཏང་གི་བྱེད་སྟངས་དེ་ཚོ་ཕྱིར་འདྲེན་བྱེད་ཀྱི་ཡོད་ཅེས་གསུངས་ཏེ། རྒྱ་ནག་གུང་ཁྲན་ཏང་གི་ད་ཆའི་བྱེད་སྟངས་དེ་ནི་། དེ་སྔའི་ཨུ་རུ་སུའུ་ལས་ཉེན་ཁ་ཆེ་བ་ཡོད་པར་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲུག་ཡུལ་ཐེ་བའི་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་པ་ ༤༠༠ ལ་མཇལ་ཁ་སྩལ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎