རྒྱ་ནག་གཞུང་གིས་བོད་ནང་བཙན་ཤེད་ཀྱིས་ཚོགས་ཆེན་དགོངས་དོན་ཟབ་སྦྱོང་།


2017.11.29
རྒྱ་ནག་གཞུང་གིས་བོད་ནང་བཙན་ཤེད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ཞེས་པའི་ཟབ་སྦྱོང་སྤྲོད་བཞིན་པ། ༢༠༡༧ རྒྱ་ནག་གཞུང་གིས་བོད་ནང་བཙན་ཤེད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ཞེས་པའི་ཟབ་སྦྱོང་སྤྲོད་བཞིན་པ། ༢༠༡༧
TPI

རྒྱ་ནག་གཞུང་གིས་བོད་ནང་བཙན་ཤེད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ཞེས་པའི་ཟབ་སྦྱོང་སྤྲོད་བཞིན་འདུག
དེ་ཡང་བོད་ནས་འབྱོར་བའི་གནས་ཚུལ་ཁག་ཅིག་རྒྱལ་སྤྱིའི་བོད་ཀྱི་ཕོ་ཉ་ཞེས་པའི་དྲ་གནས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་སོགས་བོད་ཁུལ་གྱི་དགོན་སྡེ་ཁག་ཅིག་ཏུ་བཙན་ཤེད་ཀྱིས་གྲྭ་བཙུན་དང་། ས་གནས་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ཟེར་བར་སློབ་སྦྱོང་བྱེད་དུ་བཅུག་ནས་རྒྱལ་གཅེས་རིང་ལུགས་སློབ་གསོ་ཟེར་བ་སྤེལ་བཞིན་ཡོད་པ་རེད།
ཟླ་བ་སྔོན་མར་ཏང་གི་ཚོགས་ཆེན་བཅུ་དགུ་ཟེར་བ་མཇུག་སྒྲིལ་བ་ནས་བཟུང་། འབྲེལ་ཡོད་སྡེ་ཁག་ནས་བོད་ཀྱི་ས་གནས་སོ་སོར་བཙན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་དཔྱད་ཞིབ་བྱེད་དུ་འཇུག་གི་ཡོད་འདུག
ཡང་མཚོ་སྔོན་གྱི་མི་སྣ་ཞིག་གིས་བརྗོད་ན། རྒྱ་ནག་གིས་ས་གནས་ཀྱི་གྲྭ་བཙུན་དང་མི་མང་ལ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་བྱེད་དུ་འཇུག་གི་ཡོད་ཚུལ་དང་། ལྷག་པར་དུ་དེ་སྔོན་རང་ལུས་མེར་བསྲེག་བྱུང་སའི་བོད་ཀྱི་ས་ཁུལ་ནི་ཟབ་སྦྱོང་སྤྲོད་སའི་དམིགས་ཡུལ་དུ་བཟུང་ཡོད་ལ། ཟླ་བ་སྔོན་མར་མཚོ་སྔོན་གྱི་རྩེ་ཁོག་དང་། རེབ་གོང་། གཅན་ཚ། སོག་རྫོང་སོགས་ས་གནས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ནས་དགོན་སྡེའི་དགེ་རྒན་དང་དགོན་པའི་དོ་དམ་མི་སྣ་ཚོར་དམིགས་ནས་ཟབ་སྦྱོང་འཛིན་གྲྭ་བསྒྲུབས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་བྱེད་དུ་འཇུག་གི་ཡོད་པ་སོགས་གནས་ཚུལ་ནང་བཀོད་འདུག

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎