སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ ༢༠༢༥ ་ལོའི་ (Gold Mercury) ་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་གཏན་འཁེལ་འདུག

2025.03.13
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ ༢༠༢༥ ་ལོའི་ (Gold Mercury) ་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་གཏན་འཁེལ་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ ༢༠༢༥ ་ལོའི་ (Gold Mercury) ་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་གཏན་འཁེལ་བའི་གསལ་བསྒྲགས།
Photo: RFA

སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཞི་བདེ་དང་སྙིང་རྗེ། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་དུས་རྒྱུན་དུ་ཐུགས་ཁུར་གནང་བའི་མཛད་རྗེས་ལ་གཟེངས་བསྟོད་ཆེད་ ༢༠༢༥ ལོའི་རྒྱལ་སྤྱིའི་ཚོགས་པ་ཞིག་གི་གསེར་གྱི་རྟགས་མ་ (Gold Mercury) ཕུལ་གཏན་འཁེལ་ཡོད་པ་རེད།
གཟེངས་རྟགས་འབུལ་བཞེས་ཀྱི་གཞུང་འབྲེལ་མཛད་སྒོ་དངོས་གཞི་དེ་བཞིན་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་བཞུགས་སྒར་རྡ་རམ་ལར་འཚོགས་གཏན་འཁེལ་ཡོད་པ་ཚོགས་པ་དེའི་དྲྭ་རྒྱའི་ཐོག་ཕྱི་ཚེས་ ༡༠ ཉིན་གནས་ཚུལ་སྤེལ་འདུག ༧གོང་ས་མཆོག་གིས་ངོས་ཉིད་ལ་གཟེངས་རྟགས་ཐོབ་པ་ཧ་ཅང་གཟི་བརྗིད་ཅན་དུ་ངོས་འཛིན་དང་ཞི་བདེ་དང་འཚེ་བ་མེད་པའི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་བཅས་ནི་བྱམས་སྙིང་རྗེ་ཅན་དང་ཡུན་གནས་ཐུབ་པའི་གོ་ལ་ཞིག་བསྐྲུན་རྒྱུའི་ཆེད་ང་ཚོར་ཐུན་མོང་གི་འགན་འཁྲི་ཡོད་པ་དྲན་གསོ་བྱེད་ཀྱི་འདུག་ཅེས་གསུངས་ཡོད་པ་ལུང་འདྲེན་བྱས་འདུག
ཡང་གནས་ཚུལ་ནང་། དམག་འཁྲུག་དང་ཁ་བྲལ། ཁོར་ཡུག་ཉམས་དམས་ཆེ་བའི་དུས་རབས་འདིར། ༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་ཡུན་བརྟན་འགྱུར་མེད་ཀྱི་ཤེས་རབ་ནི་འདས་པའི་དུས་རབས་ཡོད་ཚད་ལས་ཀྱང་ཧ་ཅང་དགོས་མཁོ་ཆེ་བ་ཆགས་ཡོད། ༢༠༢༥ ལོའི་གསེར་གྱི་གཟེངས་རྟགས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཕུལ་བ་དེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དབུ་ཁྲིད་ཀྱི་ལོ་རྒྱུས་རང་བཞིན་ཅན་གྱི་ལོ་ཚིགས་ཤིག་ཏུ་གྱུར་ཡོད། རྒྱུ་མཚན་ནི་ཏག་ཏག་ད་ལོ་ནི༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་ཆེན་མོ་དགུང་གྲངས ༩༠ར་ཕེབས་པའི་ལོ་ཡིན་ཞེས་གསལ་བསྒྲགས་སུ་བཀོད་འདུག
དེ་སྔོན་གཟེངས་རྟགས་དེ་ཨ་རིའི་སྲིད་འཛིན་ཟུར་བ་ (Ronald Reagan) དང་ (Gerald Ford) གཉིས་ལ་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་ཆེད་ཁོང་ཚོས་ཕྱི་འབྲེལ་གྱིས་འབད་བརྩོན་ཞུས་པ་བཅས་མི་སྒེར་པ་ཁག་དང་གཞན་ཡང་རྒྱ་གྲམ་དམར་པོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བྱིས་པའི་ཛ་དྲག་ཐེབས་རྩ་བཅས་རྒྱལ་སྤྱིའི་ཚོགས་སྡེ་བཅས་ལ་ཕུལ་ཡོད་པ་རེད།
(Gold Mercury International) ཞེས་པའི་རྒྱལ་སྤྱིའི་ཚོགས་པ་འདི་ ༡༩༦༡ ནང་གསར་འཛུགས་གནང་བ་ཞིག་དང་། འཛམ་གླིང་ཡོངས་ནས་ངོས་འཛིན་ཐོབ་པའི་རང་དབང་ཅན་གྱི་རྒྱལ་སྤྱིའི་ཚོགས་པ་ཞིག་ཡིན་ཞིང་། སའི་གོ་ལའི་ཆེད་དུ་ཕུགས་འདུན་ལྡན་པའི་འཛིན་སྐྱོང་(Visionary Governance) གོང་འཕེལ་གཏོང་བར་སྐུལ་སློང་གྱི་བྱ་བར་བརྩོན་བཞིན་ཡོད་ཅིང་། ཚོགས་པ་དེའི་དྲྭ་རྒྱའི་ངོ་སྤྲོད་ནང་། བསམ་བློའི་ལྟེ་གནས་དང་སྐུལ་སློང་ཚོགས་པ་གཙོ་བོ་ཞིག་ཡིན་པའི་ཆ་ནས། ང་ཚོས་འགོ་ཁྲིད་དང་། སྒྲིག་འཛུགས། ཚོགས་པ། དམངས་ཁྲོད་ཀྱི་སྤྱི་ཚོགས་བཅས་ལ་ལག་ལེན་འཁེལ་བའི་ཤེས་བྱ་དང་མ་འོངས་པར་དམིགས་པའི་ལག་ཆ་མཁོ་སྤྲོད་བྱས་ནས། སའི་གོ་ལ་རྒྱུན་གནས་ཐུབ་པ་དང་། ཞི་བདེ། མཉམ་ལས་མཉམ་གནས་བཅས་ལ་སྐུལ་འདེད་གཏོང་བའི་མ་འོངས་པའི་སྲིད་འཛིན་མ་ལག་དང་དཔེ་སྟོན་གསར་གཏོད་བྱེད་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་བཀོད་འདུག།


གསར་འགོད་པ། སྒྲོལ་མ་ལྷ་མོ། སྟག་ལྷ་རྒྱལ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་དང་ཆོས་རིག་གཉིས་ཀའི་ཐོག་འབྲེལ་ཐག་ཉེ་བའི་འབྲུག་ཡུལ་གྱིས་བོད་མིང་ལ་ཤི་ཙང་ཞེས་འབོད་འགོ་བཙུགས་པ་ནི་བློ་ཕམ་གྱི་གནས་རེད་ཅེས་ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎