རྒྱ་ནག་སྲིད་འཛིན་མཆོག་གིས་ཐའེ་ལྦན་གཞུང་ལ་འབོད་སྐུལ།

རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོས་རྒྱ་ནག་དང་ཐའེ་ལྦན་དབར་ཡིད་ཆེས་འཕེལ་ཐབས་སུ་དམག་དོན་འབྲེལ་བ་བྱེད་དགོས་པ་གསུངས་འདུག
2008-12-31
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོ་ཡིས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཐའེ་ལྦན་དང་དམག་དོན་འབྲེལ་བ་བྱ་རྒྱུའི་འབོད་སྐུལ་གནང་འདུག ཕྱོགས་གཉིས་ཕན་ཚུན་དབར་ཡིད་ཆེས་འཕེལ་ཐབས་སུ་དམག་དོན་འབྲེལ་བ་བྱེད་དགོས་པ་དང་དེས་ཐའེ་ལྦན་མཚོ་འགག་ཏུ་སྲུང་སྐྱོབ་ཀྱི་བློ་འཚབ་ཆུང་དུ་གཏང་རྒྱུ་ཕན་ཐོགས་ཡོང་རྒྱུ་ཡིན་ལུགས་སྲིད་འཛིན་ཧུ་ཇིན་ཏའོ་ཡིས་མུ་མཐུད་གསུངས་གནང་འདུག ད་ལམ་གྱི་བརྙན་འཕྲིན་བརྒྱུད་ཐའེ་ལྦན་ལ་གསུང་འཕྲིན་གནང་བ་དེ་ནི་དེ་སྔ་ལོ་ངོ་སུམ་ཅུའི་གོང་དུ་རྒྱ་ནག་གཞུང་གིས་ཐའེ་ལྦན་མེས་རྒྱལ་གོང་བུ་གཅིག་འགྱུར་བྱེད་དགོས་པའི་སྐུལ་མ་གནང་ནས་ལོ་ངོ་སུམ་ཅུ་འཁོར་བའི་དུས་ཚིགས་འཁེལ་གྱི་ཡོད་པ་རེད། ཕྱི་ལོ་༡༩༤༩ནས་བཟུང་ཐའེ་ལྦན་དང་རྒྱ་ནག་གཉིས་ཐ་དད་དུ་རྒྱལ་ཁབ་ཀྱི་ངོ་བོར་གནས་ཡོད་ཅིང་ཕྱོགས་གཉིས་ཀས་དྲག་པོའི་འགྲོ་གོན་ཨ་རིའི་ཌོ་ལར་ཐེར་འབུམ་མང་པོ་བཏང་སྟེ་དམག་འཁྲུག་གི་གྲ་སྒྲིག་བྱས་ཡོད་ཅིང་རྒྱ་ནག་གཞུང་གིས་ཐའེ་ལྦན་ལ་ཁ་གཏད་ནས་མེ་ཤུགས་འཕུར་མདེལ་སྟོང་ཕྲག་མང་པོ་འགྲེམས་འཇོག་བྱས་ཡོད་པ་རེད། འོན་ཀྱང་སྔར་ལོ་ཕྱི་ཟླ་ལྔ་པའི་ནང་གོ་མིང་ཏང་གི་འགོ་ཁྲིད་མཱ་ཡིན་འཇུ་སྲིད་འཛིན་དུ་འོས་འདེམས་བྱུང་བ་ནས་བཟུང་ཕྱོགས་གཉིས་དབར་འབྲེལ་ལམ་གཏིང་ཟབ་ཏུ་ཕྱིན་ཡོད་པ་རེད། ལྷག་པར་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་བྱེད་སྐབས་སྲིད་འཛིན་མཱ་ཡིན་འཇུ་ཡིས་ཕྱོགས་གཉིས་ཀས་ཆེ་མཐོང་དང་འདྲ་མཉམ་གཉིས་ཕན་བཅས་ལ་བརྩི་སྲུང་ཞུ་དགོས་པ་དང་རྒྱ་ནག་གིས་ཐའེ་ལྦན་ལ་ཁ་གཏད་ནས་འགྲེམས་འཇོག་བྱས་པའི་མེ་ཤུགས་འཕུར་མདེལ་རྣམས་ཕྱིར་བསྡུ་བྱ་དགོས་པའི་སྐོར་གཏམ་བཤད་གནང་ཡོད་པ་རེད།


མཆན། (0)
Share
དྲ་གནས་ཆ་ཚང༌།