ས་ཡོམ་གྱི་གནས་ཚུལ་མཁོ་སྤྲོད་གནང་མཁན་ཚོའི་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་ཉེན་བརྡ་བཏང་འདུག

2025.01.18
ས་ཡོམ་གྱི་གནས་ཚུལ་མཁོ་སྤྲོད་གནང་མཁན་ཚོའི་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་ཉེན་བརྡ་བཏང་འདུག ལྕམ་ Pearson ལགས་ཀྱིས་ད་ལྟའི་དམ་དྲག་གིས་གནོད་འཚེ་ཚབས་ཆེན་རང་བཞིན་སྦས་གསང་བྱེད་པ་ཙམ་མ་ཡིན་པར་གནས་ཚུལ་སྙན་སེང་ཞུ་ཐབས་བྱེད་མཁན་ཚོའི་ཚེ་སྲོག་ལ་ཉེན་ཁ་ཡོད་ལུགས་ཉེན་བརྡ་བཏང་གནང་འདུག
སྒྲིག་བཟོ།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡ་མངའ་ཁུལ་གྱི་འགན་འཛིན་ཨེ་ལིཡན་ པིཡར་སན་ (Elaine Pearson) ལགས་ཀྱིས། ཨེ་ཤེ་ཡའི་ནང་སྤྱི་ལོ་༢༠༢༥ལོའི་འཛམ་གླིང་སྤྱི་ཡོངས་ཀྱི་སྙན་ཐོ་དབུ་འབྱེད་དང་འབྲེལ། ཁོང་གིས་རྒྱ་ནག་གཞུང་གི་དམ་དྲག་སྟངས་འཛིན་འོག་ཉེ་ལམ་བོད་ནང་ས་ཡོམ་བྱུང་སའི་ས་ཁུལ་དེའི་དངོས་ཡོད་གནས་སྟངས་ཤེས་རྟོགས་བྱེད་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་པ་གསུངས་འདུག  ཡང་ Pearson ལགས་ཀྱིས་ད་ལྟའི་བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་བྱ་རྒྱུ་ཁག་ཏུ་ཕྱིན་པ་དང་།  རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་བཀག་སྡོམ་ནན་པོ་བྱས་ཏེ་མི་སྣ་འགྲོ་འོང་ཙམ་མ་ཟད། རང་དབང་ཐོག་གནས་ཚུལ་གཏོང་རྒྱུ་ལའང་དམ་དྲག་བཀག་སྡོམ་བྱེད་བཞིན་ཡོད་ལུགས་མུ་མཐུད་གསལ་སྟོན་གནང་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡ་མངའ་ཁུལ་གྱི་འགན་འཛིན་ཨེ་ལིཡན་ པིཡར་སན་ (Elaine Pearson) ལགས་ཀྱིས་ད་དུང་།  བོད་མི་ཚོས་ནང་མི་གཉེན་འབྲེལ་ལ་འབྲེལ་བ་བྱེད་པ་དང་ས་གནས་ཀྱི་གནས་ཚུལ་གསར་པ་མཁོ་སྤྲོད་བྱེད་པ་སོགས་ལ་འབྲེལ་ཡོད་ས་གནས་དཔོན་རིགས་ཀྱིས་འཛིན་བཟུང་བྱེད་པ་སོགས་བྱེད་བཞིན་ཡོད་པ་གསལ་སྟོན་གནང་འདུག་ལ། ས་གནས་དཔོན་རིགས་ནས་ས་ཡོམ་གྱི་རྗེས་སུ་གནས་ཚུལ་ལ་ཞིབ་བཤེར་བྱ་རྒྱུར་དམ་དྲག་བྱས་སྟེ་དངོས་ཡོད་གནས་ཚུལ་སྦས་གསང་བྱེད་བཞིན་ཡོད་པ་གསལ་སྟོན་གནང་འདུག  ཡང་ཁོང་གིས་ས་ཡོམ་གྱི་དོན་རྐྱེན་འོག་ནས་འཆི་རྨས་ཀྱི་གྲངས་འབོར་དང་། ཛ་དྲག་རོགས་སྐྱོར་འདང་ངེས་ཡོད་མེད་ཀྱི་ཐད་གསལ་ཁ་མེད་པའི་གནས་ཚུལ་ལ་ཐུགས་སྣང་གནང་འདུག་ལ། རྒྱ་ནག་གཞུང་གིས་གནས་ཚུལ་སྦས་གསང་བྱེད་པ་དེ་གསར་པ་མ་རེད་ཅེས་གསུངས་ནས་དེ་སྔ་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་༡༩་རིང་གནས་ཚུལ་བྱུང་བའི་སྐབས་སུ་ཡང་དེ་ལྟར་བྱས་ནས་ནང་གཏམ་ཕྱི་ལ་སྤྲོད་མཁན་ཚོར་དམ་དྲག་བྱས་ཡོད་པ་དྲན་གསོ་གནང་འདུག

ལྕམ་ Pearson ལགས་ཀྱིས་ད་ལྟའི་དམ་དྲག་གིས་གནོད་འཚེ་ཚབས་ཆེན་རང་བཞིན་སྦས་གསང་བྱེད་པ་ཙམ་མ་ཡིན་པར་གནས་ཚུལ་སྙན་སེང་ཞུ་ཐབས་བྱེད་མཁན་ཚོའི་ཚེ་སྲོག་ལ་ཉེན་ཁ་ཡོད་ལུགས་ཉེན་བརྡ་བཏང་གནང་འདུག།

གསར་འགོད་པ། དབྱངས་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎