རྒྱ་ནག་འགོ་ཁྲིད་འཕོ་འགྱུར་གྱིས་བོད་ལ་ཤུགས་རྐྱེན།
2012.12.28
༄༅། །བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་ཐོག ཕྱི་ཚེས་༢༨ ནས་ ༣༠ བར་ཉིན་གྲངས་གསུམ་རིང་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་སྲི་ཞུའི་ལས་བྱེད་དང་། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཉམས་ཞིབ་པ་སོགས་ཁྱོན་མི་གྲངས་བརྒྱ་སྐོར་བརྒལ་བས་བགྲོ་གླེང་ཚོགས་འདུར་བཞུགས་འདུག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཟུང་དྲུང་དོན་གྲུབ་རྒྱལ་པོ་ལགས་དང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བཅས་ཀྱི་རིམ་བཞིན་ངོ་སྤྲོད་དང་དབུ་འབྱེད། གསུང་བཤད་བཅས་གནང་འདུག
ད་རེས་འདིར་དེ་སྔའི་ཐེ་ཝན་གྱི་བློན་ཆེན་གཞོན་པས་དབུས་རྒྱལ་སྤྱིའི་ནང་གི་སྙན་གྲགས་ཅན་གྱི་མཁས་པ་ཁག་ཅིག་ཕེབས་ཡོད་ཅིང་། ཕལ་ཆེར་རྡ་སར་རྒྱལ་སྤྱིའི་ཚོགས་འདུའི་རྣམ་པ་ཡོད་པ་གསལ་པོ་ཆགས་ཡོད་པ་རེད། དེ་དང་འབྲེལ་བའི་རིམ་པས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་མཁས་དབང་གདན་འདྲེན་ཞུས་ཏེ་ཚོགས་འདུ་འདིས་སྤྱིར་བོད་མི་དང་ཡང་སྒོས་སྲི་ཞུ་བ་དང་ཉམས་ཞིབ་པ་ཚོར་ཐུགས་ཕན་གསོས་པའི་རེ་བ་ཡོད་ལུགས་གསུང་བཤད་གནང་འདུག
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་གནང་བའི་བགྲོ་གླེང་ལྷན་ཚོགས་ཀྱི་ཟབ་ཁྲིད་བ་ཐེ་ཝན་ཏམ་ཀང་གཙུག་ལག་སློབ་གྲྭའི་(Tamkang University) རྒྱལ་སྤྱིའི་གནད་དོན་དང་སྲིད་བྱུས་ཐོག་གི་མཁས་དབང་སློབ་དཔོན་ཅོང་པིན་ལིན་ (Prof. Chong-Pin lin) ལགས་དང། ཨ་རིའི་Illinois གཙུག་ལག་སློབ་གྲྭའི་སྤྱི་ཚོགས་དང་མི་རིགས་རིག་པའི་སློབ་དཔོན་Dr. Gordon G. Chang རྒྱ་རིགས་རྩོམ་པ་པོ་ཀྲུའུ་རིས་ (Zhu Rui) བཅས་ཡིན་པས་མ་ཟད། རྒྱལ་སྤྱིའི་འབྲེལ་ལམ་ཐོག་གི་མཁས་པ་གཙུག་ལག་སློབ་དཔོན་སྐུ་ཞབས་Micheal Van Walt Praag ལྡི་ལིའི་གཙུག་ལག་སློབ་གྲྭའི་གཙུག་ལག་སློབ་དཔོན་ལྕམ་སྐུ་Prof.Madhu Bhalla) ལགས། ཤར་ཨེ་ཤི་ཡའི་གནད་དོན་སྐོར་གྱི་མཁས་པ་སྐུ་ཞབས་Dr. Abanti Bhattacharya སོགས་ཡིན་པ་རེད་འདུག།