ལིའུ་ཞཱ་ཨ་མི་རི་ཀར་འབྱོར་ནས་གཏམ་བཤད་དང་གསར་འགོད་པར་ཐུག་འདུག


2018.09.27
ལིའུ་ཞཱ་(Liu Xia)ཨ་མི་རི་ཀར་འབྱོར་ནས་གཏམ་བཤད་དང་གསར་འགོད་པར་ཐུག་སྐབས། ༢༠༡༨།༩།༢༦ ལིའུ་ཞཱ་(Liu Xia)ཨ་མི་རི་ཀར་འབྱོར་ནས་གཏམ་བཤད་དང་གསར་འགོད་པར་ཐུག་སྐབས། ༢༠༡༨།༩།༢༦
Reuters/youtube

ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལེའུ་ཞའོ་པོ་དམ་པ་དེའི་བཟའ་ཟླ་ལིའུ་ཞཱ་ཨ་མི་རི་ཀར་འབྱོར་ནས་ཐུགས་ཁུར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་འདུག
ལིའུ་ཞའོ་པོ་དམ་པ་དེའི་བཟའ་ཟླ་ལིའུ་ཞཱ་ཕྱི་ཟླ་ ༩ ཚེས་༢༥ རེས་གཟའ་མིག་དམར་ཉིན། ཨ་རིའི་ནིའུ་ཡོཀ་གྲོང་ཁྱེར་དུ་འབྱོར་ཡོད་པ་བཞིན ཝཙ་ལཱཝ་ ཧ་ཝལ་ (Vaclav Havel) དཔེ་མཛོད་ཐེབས་རྩ་ཁང་གིས་གོ་སྒྲིག་འོག་དབང་ཤུགས་མེད་པའི་རྒྱ་ནག་ནང་གི་དབང་ཤུགས་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་བརྗོད་གཞི་ཤིག་གི་ཐོག་གཟའ་ལྷག་པའི་ཉིན་གཏམ་བཤད་གནང་ཡོད་ཅིང་། ཡང་གཟའ་ཕུར་བུའི་ཉིན་ཝཙ་ལཱཝ་ ཧ་ཝལ་ (Vaclav Havel) དཔེ་མཛོད་ཐེབས་རྩ་ཁང་གི་ཕྱི་ལོ་༢༠༡༨་ལོའི་ཉེན་ཁའི་འོག་རྩོམ་འབྲིའི་སྤོབས་པ་ལྡན་པའི་ཞི་བདེ་གཟེངས་རྟགས་དེ་ལིའུ་ཞཱ་ལ་འབུལ་བའི་སྐབས་དང་བསྟུན་ནས་གསར་འགོད་པས་ཁོང་གི་སྐུ་ཟླ་འདས་པོ་ལིའུ་ཞཱ་པོ་དང་འབྲེལ་བའི་སྐོར་ཁོ་མོར་དྲི་བ་བྱས་སྐབས། ལིའུ་ཞཱ་ཡིས།  ངོ་མ་བཤད་ན། ལིའུ་ཞའོ་པོའི་སྐོར་ནས་ངས་ད་དུང་ཡང་གང་ཞིག་བཤད་དགོས་མིན་ཤེས་ཀྱི་མི་འདུག འོན་ཀྱང་། འདིར་བཤད་འདོད་པ་ཞིག་ནི་ལིའུ་ཞའོ་པོའི་མཐའ་མཇུག་གི་འཚོ་བའི་ནང་ཕྱི་ལོ་༢༠༠༩ལོར་
ཝཙ་ཧ་ཝལ་(Vaclav Havel) ལས་ཁུངས་ནས་ལིའུ་ཞའོ་པོ་དང་འབྲེལ་བའི་དོན་གནད་ཁག་བརྒྱད་ང་ལ་བཏང་འབྱོར་བྱུང་ཡོད་པ་དེའི་ནང་ནམ་ཞིག་ལིའུ་ཞའོ་པོ་ཕྱིར་སྤྱི་ཚོགས་སྟེང་སླེབས་རྗེས་མི་ཚང་མས་དོ་སྣང་བྱེད་མིན་སྐོར་ནས་དྲིས་འདུག་པ་དེར་ལན་འདེབས་སྟངས་ཤེས་མ་སོང་ཞེས་བཤད་པར་ཁོང་གིས་གསན་པ་དང་། གད་མོ་བཞེད་སོང་ཞེས་གསར་འགོད་པའི་དྲི་བར་ལན་འདེབས་དང་ཆབས་ཅིག་ཁོ་མོས་མུ་མཐུད་དུ། ལོ་མང་རིང་ལིའུ་ཞའོ་པོ་དང་ངེད་གཉིས་ཀྱི་ཆེད་དུ་ཐུགས་ཁུར་བཞེས་མཁན་གྱི་གྲོགས་པོ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།  ལེའུ་ཞཱ་ནི་རྩོམ་པ་པོ་ཞིག་དང་ཁྱད་པར་དུ་འདས་པོ་དམ་པ་ལིའུ་ཞའོ་པོི་ཡི་བཟའ་ཟླ་གྱུར་བའི་སྟབས་ཀྱིས་ཁོ་མོ་ལོ་ངོ་བརྒྱད་ཙམ་གྱི་རིང་ལ་མོ་རང་སྡོད་སའི་པེ་ཅིན་གྱི་ཁང་པར་་བཟང་བཙོན་ལྟ་བུར་བཞག་པའི་མཐར་། རྒྱ་གཞུང་ལ་ཕྱིའི་རྒྱལ་ཁབ་ཁག་གི་གནོན་ཤུགས་འོག་འཇར་མན་དུ་མཐར་ཐུབ་པ་བྱུང་བ་གསུངས་ཡོད་པ་རེད།  ལིའུ་ཞཱ་འཇར་མན་དུ་འབྱོར་ནས་ཟླ་ངོ་གཉིས་ཕྱིན་པའི་རྗེས་སུ་ཨ་རིར་ཕེབས་པ་ཐེངས་དང་པོ་རེད་ལ་རྒྱ་ནག་གི་ཐོབ་ཐང་གནས་བབ་དང་གསར་འགོད་པར་གླེང་མོལ་བྱས་པའང་ཐོག་མ་དེ་ཡིན་པ་རེད།

གསར་འགོད་པ་བོད་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་དང་བོད་དོན་ལས་འགུལ་བསྟི་གནས་ཁང་གཉིས་ལ་དམངས་གཙོའི་ཆེད་བསྟོད་གཟེངས་རྟགས་ཕུལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎