བལ་ཡུལ་ནང་བསྐྱར་དུ་རྒྱལ་ཡོངས་འོས་བསྡུ་བྱ་དགོས་པའི་གསལ་བསྒྲགས་སྤེལ་ཡོད་པ།

2021.05.22
བལ་ཡུལ་ནང་བསྐྱར་དུ་རྒྱལ་ཡོངས་འོས་བསྡུ་བྱ་དགོས་པའི་གསལ་བསྒྲགས་སྤེལ་ཡོད་པ། བལ་ཡུལ་གྱི་སྲིད་འཛིན་མཆོག་གིས་རེས་གཟའ་སྤེན་པའི་ཉིན་བལ་ཡུལ་གྱི་གྲོས་ཚོགས་རྩ་གྲོལ་བཏང་སྟེ་རྒྱལ་ཁབ་ནང་བསྐྱར་དུ་རྒྱལ་ཡོངས་འོས་བསྡུ་བྱ་དགོས་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།
ཨེ་ཨེཕ་པི།

གསལ་བསྒྲགས་ཀྱི་ནང་སྲིད་བློན་Oliདང་ཕྱོགས་འགལ་སྲིད་དོན་ཚོགས་པ་བཅས་པ་གང་རུང་ནས་གཞུང་འཛིན་ཐུབ་པའི་མང་མོས་རྒྱབ་སྐྱོར་ཡོང་གི་མེད་པར་སོང་།དེར་བརྟེན་རྒྱལ་ཁབ་ནང་བསྐྱར་དུ་གཞུང་འཛིན་གསར་འདེམས་ཀྱི་ཆེད་ཕྱི་ཟླ་༡༡པའི་ཚེས་༡༢དང་ཚེས་༡༩བཅས་དུས་ཡུན་ཉིན་མ་གཉིས་ལ་རྒྱལ་ཡོངས་འོས་བསྡུ་བྱ་དགོས་པ་བཀོད་ཡོད་པ་རེད།

སྲིད་འཛིན་གྱིས་གོང་ཞུས་ཐག་གཅོད་དེ་སྲིད་བློན་Oliཡི་དབུ་ཁྲིད་པའི་བཀའ་ཤག་གི་ལམ་སྟོན་ལྟར་གནང་བ་ཞིག་ཡིན་པ་གསུངས་ཡོད་པ་དང་། དེ་ནི་འདས་པའི་ཟླ་བ་ལྔའི་གོང་སྲིད་བློན་Oliཡི་བཀའ་ཤག་གི་ལམ་སྟོན་འོག་སྲིད་འཛིན་ལྕམ་Bidhya Devi Bhandari མཆོག་གིས་གྲོས་ཚོགས་དུས་ཡུན་མ་གཙང་གོང་རྩ་གྲོལ་བཏང་བར། ཕྱོགས་འགལ་སྲིད་དོན་ཚོགས་པ་དང་གཞན་ཡང་ཁྲིམས་རྩོད་པ་བཅས་པས་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་ཆེན་པོར་སྲིད་འཛིན་དང་སྲིད་བློན་གཉིས་ཀྱི་ཐག་གཅོད་དེ་ཁྲིམས་མཐུན་བྱུང་མེད་པ་ཁྲིམས་གཏུགས་བྱུང་བའི་རྗེས་སུ། སྐབས་དེར་གྲོས་ཚོགས་བསྐྱར་གསོ་བྱུང་བ་ལྟར་།ཐེངས་འདིའི་ཐག་གཅོད་ཀྱི་ཐད་ལའང་ཆེས་མཐོའི་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱ་མཁན་ཡོང་སྲིད་པའི་སྐོར་རྩ་ཁྲིམས་ཀྱི་གནད་དོན་ལ་མཁས་པ་ཁག་ཅིག་གིས་དགོངས་ཚུལ་གསུངས་ཡོད་འདུག

བལ་ཡུལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་མཁས་པ་Chandrakanta Gyawaliཞུ་བས་AFP གསར་ལས་ཁང་ལ་སྲིད་འཛིན་གྱིས་སྲིད་བློན་Oliཡི་གང་བཤད་ལ་ཉན་ཏེ་རྩ་ཁྲིམས་ཀྱི་འབྲུ་དོན་ལ་བརྩིས་མེད་བཏང་གི་ཡོད་པ་གསུངས་འདུག

ཆབ་སྲིད་གནད་དོན་དབྱེ་ཞིབ་པ་ཚོས་གསུངས་ན་སྲིད་བློན་Oli ངོས་ནས་སྲིད་འཛིན་ལ་དེ་སྔ་གྲོས་ཚོགས་རྩ་འགྲོལ་གཏོང་རྒྱུར་སྐུལ་བ་དེ་ཆེས་མཐོའི་ཁྲིམས་ཁང་གིས་ཁྲིམས་མཐུན་མིན་པའི་དཔྱད་ཁྲ་བཏང་བའི་རྗེས་སུ། དངོས་དོན་ཡིན་ན་བཟང་སྤྱོད་ཐོག་ནས་དགོངས་པ་ཞུ་དགོས་པ་ཞིག་ཡིན་ནའང་། དེ་ལྟར་གནང་མེད་པའི་ཁར། ཉེ་ལམ་གྲོས་ཚོགས་ནང་ཁོང་གི་དབུ་ཁྲིད་ལ་མུ་མཐུད་ཡིད་ཆེས་ཡོད་མེད་ཀྱི་འོས་འཕེན་གནང་བཅུག་ཡོད་པ་དང་།སྐབས་དེར་ཡང་ཁོང་ལ་རྒྱབ་སྐྱོར་གྱི་འོས་ཤོག་ཐོབ་མེད་པ་དང་། དེའི་རྗེས་ཁོང་ནས་ཕྱོགས་འགལ་སྲིད་དོན་ཚོགས་པའི་གཞུང་འཛིན་གསར་འཛུགས་མ་ཐུབ་པའི་ཐད་འབད་གང་ཡོད་བྱེད་པའི་མཐར།ཕྱོགས་འགལ་སྲིད་དོན་ཚོགས་པའི་གཞུང་འཛིན་གོ་བསྒྲིགས་མ་ཐུབ་པའི་མཚམས་སུ། སྲིད་འཛིན་གྱིས་ཁོང་ལ་བསྐྱར་དུ་སྲིད་བློན་ལ་བསྐོ་གཞག་བྱུང་ཡོད་པ་རེད།

རྩ་ཁྲིམས་ཀྱི་འབྲུ་དོན་ལྟར་ན་ཁོང་ནས་མུ་མཐུད་དུས་ཡུན་ཉིན་མ་༣༠ནང་ཚུད་གྲོས་ཚོགས་ནང་བསྐྱར་དུ་རྒྱབ་སྐྱོར་ཡོད་མེད་འོས་འཕེན་གནང་དགོས་པ་དང་དེ་ལྟར་ཡོང་ཐབས་བྲལ་བར་སོང་། ཕྱོགས་འགལ་སྲིད་དོན་ཚོགས་པར་ཡང་གཞུང་འཛིན་གསར་འཛུགས་མ་བཅུག་པའི་ཆེད་སྲིད་འཛིན་ལ་གྲོས་ཚོགས་རྩ་འགྲོལ་བཏང་དགོས་པའི་བཀོད་ཁྱབ་བཏང་བཅུག་ཡོད་པའི་སྐྱོན་བརྗོད་ཕོག་གི་ཡོད་པ་རེད།

སྲིད་འཛིན་གྱིས་རེས་གཟའ་པ་སངས་ཉིན་གྱི་བར་སྲིད་བློན་Oliདང་ཕྱོགས་འགལ་སྲིད་དོན་ཚོགས་པའི་དབུ་ཁྲིད་Sher Bahadur Deuba གཉིས་ཀར་མང་མོས་རྒྱབ་སྐྱོར་ཡོད་མེད་གསལ་སྟོན་དགོས་པའི་དུས་བཀག་ནང་ཚུད་ཁོང་གཉིས་ཀས་མང་མོས་རྒྱབ་སྐྱོར་གསལ་སྟོན་ཐུབ་ཀྱི་མེད་པར་སོང་གྲོས་ཚོགས་རྩ་གྲོལ་བཏང་བ་ཡིན་སྐོར་གསུང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎