ཨ་རིའི་གྲོས་ཚོགས་གོང་མའི་ཉན་ཞིབ་སྐབས་རྒྱ་ནག་གི་བྱ་སྤྱོད་དང་བོད་དོན་གླེང་འདུག


2020.07.01
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་(RichardGere)་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་(RichardGere)་ལགས།
AFP

ཨ་རིའི་གྲོས་ཚོགས་གོང་མས་རྒྱ་ནག་ཐད་ཉན་ཞིབ་སྐབས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་ཡོང་ཐབས་སུ་རྒྱབ་སྐྱོར་གནང་དགོས་བའི་འབོད་སྐུལ་གནང་འདུག
ཕྱི་ཟླ་༦་ཚེས་༣༠་ཉིན། ཨ་རིའི་གྲོས་ཚོགས་གོང་མའི་དངུལ་རྩིས་ཚོགས་ཆུང་གི་ཉན་ཞིབ་སར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་(Richard Gere)་ལགས་ཀྱིས། ཨ་རིའི་ཕྱི་ལོ་༢༠༡༩་ཞེས་བའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་འཆར་(Tibet Policy and Support Act TPSA of 19)་སྤྱི་དང་། ལྷག་དོན་ཁྲིམས་འཆར་ནང་འཁོད་པའི་འབྲུ་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་རྒྱ་ནག་གཞུང་ཕྱོགས་ཀྱི་ཐེ་བྱུས་གང་ཡང་མེད་པ་བྱ་དགོས་པའི་གནད་དོན་ཤིན་ཏུ་གལ་ཆེ་ཡིན་པར་བརྟེན། ཨ་རིའི་གྲོས་ཚོགས་གོང་མས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་ཡོང་ཐབས་སུ་རྒྱབ་སྐྱོར་ངེས་བར་གནང་དགོས་བའི་འབོད་སྐུལ་གནང་སོང་།
སྐབས་དེར་ཁོང་གིས་ད་དུང་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། བོད་མིའི་ངོ་བོ་རིག་གཞུང་རྩ་མེད་གཏོང་མུས་ཡིན་པའི་སྐོར་དང་། བོད་ནང་འགྲོ་འོང་ཐད་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཨ་མི་རི་ཀའི་མི་སེར་དཀྱུས་མ་དང་། གསར་དགོད་པ། གཞུང་འབྲེལ་མི་སྣ་བཅས་ཀྱི་ཐོག་འགོག་རྐྱེན་བཟོ་བཞིན་ཡོད་ཀྱང་རྒྱ་ནག་གི་མི་སེར་རྣམས་འགོག་རྐྱེན་གང་ཡང་མེད་པའི་ཐོག་ནས་ཨ་རིའི་ནང་རང་དབང་གིས་འགྲོ་འོང་བྱེད་བཞིན་པ་ཐེར་འདོན་དང་མཉམ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་ཨ་མི་རི་ཀའི་མི་སེར་རྣམས་མ་འོངས་བར་རྒྱ་ནག་ནང་བཀག་སྡོམ་མེད་པར་འགྲོ་འོང་ཆོག་པའི་འདྲ་མཉམ་གྱི་མཐུན་རྐྱེན་བསྐྲུན་དགོས་པའི་འབོད་སྐུལ་ཞུས་སོང་།
དེ་བཞིན་སྐུ་ཞབས་(Richard Gere)་ལགས་ཀྱིས། རྒྱལ་སྤྱིའི་ནང་རྒྱ་ནག་གི་སྟོབས་ཤུགས་རྒྱ་བསྐྱེད་གཏོང་བཞིན་པ་དེས། མ་འོངས་པར་འཛམ་གླིང་ནང་མི་མང་གི་ཉིན་རེའི་འཚོ་བ་དང་། ལས་ཀ སྒེར་གྱི་རང་དབང་དང་འཕྲོད་བསྟེན། ཕྱི་ཕྱོགས་ཀྱི་རྒྱལ་ཁབ་ཚོའི་འོས་བསྡུའི་བརྒྱུད་རིམ་ལ་སོགས་པར་གནོད་སྐྱོན་དང་ཤུགས་རྐྱེན་ཐེབས་ཉེན་ཡོད་པ་དང་། རྒྱ་ནག་གཞུང་གི་དབང་བསྒྱུར་རིང་ལུགས་དེའི་འོག་དེ་སྔ་བོད་མིའི་ཐོག་དྲག་གནོན་བྱས་ཟིན་པ་བཞིན། ད་ཆ་ཤིན་ཅིང་དང་། ཧོང་ཀོང་ནང་དེ་ལྟར་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པའི་ཐད་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་སོང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎