༧གོང་ས་མཆོག་གིས་མའོ་ཙེ་ཏུང་གི་སྐོར་གསུང་གླེང་མཛད་སྐོར།

༧གོང་ས་མཆོག་གིས་རྒྱ་ནག་གི་དབུ་ཁྲིད་མའོ་ཙེ་ཏུང་གིས་༧གོང་ས་མཆོག་ལ་རང་གི་བུ་ལྟར་བསམ་གཞིགས་གནང་མྱོང་ཡོད་གསུང་བཞག

2012.06.25

༄༅༎བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རེས་གཟའ་ཉི་མའི་ཉིན་སྦི་སྦི་སི་གསར་ལས་ཁང་ལ་ རྒྱ་ནག་གི་དབུ་ཁྲིད་མའོ་ཙེ་ཏུང་གིས་ ༧གོང་ས་མཆོག་ལ་རང་གི་བུ་ལྟར་བསམ་གཞིགས་གནང་མྱོང་ཡོད་ལ་ མའོ་དང་ལྷན་དུ་འབྲེལ་བ་བཟང་པོ་ཡོད་ཅེས་གསུང་བཞག། དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ མགོན་པོ་ཉིད་རྒྱ་ནག་ཏུ་གཟིགས་སྐོར་ཕེབས་པའི་མྱོང་ཚོར་སྐོར་གསུང་སྐབས་ གསོལ་ཚིགས་སྐབས་མའོས་༧གོང་ས་མཆོག་ཁོང་རང་གི་འཁྲིས་སུ་ཞུགས་སུ་་བཅུག་གི་ཡོད་པ་དང་ རྒྱ་ནག་གི་ལུགས་སྲོལ་བཞིན་ ཆེ་ཐོངས་ཀྱི་ཚུལ་དུ་བཞེས་ཐལ་ནང་མ་འོས་ཞལ་ལག་ཕྲན་བུ་བླུག་གནང་གི་ཡོད་འདུག་ འོན་ཀྱང་མའོ་ཙེ་ཏུང་གིས་ཐ་མག་མང་པོ་འཐེན་གྱི་ཡོད་པའི་ཆ་ནས་གློ་མང་པོ་རྒྱབ་ཀྱི་ཡོད་སྟབས་ མའོས་བླུག་པའི་ཞལ་ལག་དེ་བཞེས་རྒྱུར་ན་ཚ་དེ་འདྲ་འགོས་མི་ཡོང་ངམ་བསམ་པའི་ཐེ་ཚོམ་ཕྲན་བུ་ཡང་ཡོང་གི་འདུག་ཅེས་གསུང་བཞག།

ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ མཀ་སིའི་དཔལ་འབྱོར་ལྟ་གྲུབ་དེ་མགོན་པོ་ཉིད་ཀྱིས་ཐོག་མར་རྒྱ་ནག་ནང་མཁྱེན་རྟོགས་བྱུང་བ་དང་ དཔལ་འབྱོར་ལྟ་གྲུབ་དེའི་ནང་ གཙོ་བོ་ཆ་སྙོམས་སྲིད་ཇུས་ཀྱི་ཐོག་ནན་བཤད་གནང་འདུག་ལ་ དེ་ལ་མོས་པོ་བྱུང་ཞེས་བཀའ་གནང་བཞག། དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ དཔལ་འབྱོར་དཀའ་ངལ་དེ་མིས་བཟོས་པ་ཞིག་ཡིན་སྟབས་ དཀའ་ངལ་དེ་སེལ་བའི་ནུས་པའང་ང་ཚོར་ཡོད་པ་རེད་ཅེས་བཀའ་གནང་བཞག། ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ བོད་ནང་ཡོད་པའི་བོད་མི་རྒན་པ་ཚོས་ ༧གོང་ས་མཆོག་བོད་དུ་ཕྱིར་ལོག་ཕེབས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་དང་ འོན་ཀྱང་ཆབ་སྲིད་ཀྱི་གོ་རྟོགས་ལྡན་པའི་བོད་མི་མང་པོས་ ་ད་ལྟའི་གནས་སྟངས་འདིའི་འོག ༧གོང་ས་མཆོག་མུ་མཐུད་རང་དབང་ཡུལ་དུ་བཞུགས་ན་ཕན་ཐོགས་ཆེ་བ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད་ཅེས་བཀའ་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎