བོད་ནང་གི་སྐྱིད་གྲོང་རྫོང་ཁོངས་ཀྱི་ཤིང་ནགས་ལ་མེ་སྐྱོན་ཤུགས་ཆེ་ཤོར་བཞིན་འདུག

2025.02.03
བོད་ནང་གི་སྐྱིད་གྲོང་རྫོང་ཁོངས་ཀྱི་ཤིང་ནགས་ལ་མེ་སྐྱོན་ཤུགས་ཆེ་ཤོར་བཞིན་འདུག བོད་ནང་གི་སྐྱིད་གྲོང་རྫོང་ཁོངས་ཀྱི་ཤིང་ནགས་ལ་མེ་སྐྱོན་ཤུགས་ཆེ་ཤོར་བཞིན་པ། ༢༠༢༥།༠༡།༢༨
མི་སེར་གསར་འགོད་པ།

དེང་སྐབས་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ས་ལེ་ཤང་གི་རི་འགོའི་ནགས་ཚལ་ལ་མེ་སྐྱོན་ཚབས་ཆེན་ཤོར་ཡོད་པའི་གནས་ཚུལ་ཐོན་འདུག་ཅིང་། དེ་ཡང་འདིའི་ཐད་སྐྱིད་གྲོང་རྗོང་གི་དྲིལ་བསྒྲགས་ཚན་པས་སྤྱི་ཟླ་དང་པོའི་ཚེས་༢༤ཉིན་སྤེལ་བའི་གསལ་བསྒྲགས་ཤིག་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དུ་ཁྱབ་སྤེལ་བྱེད་བཞིན་པའི་ནང་དུ། སྤྱི་ཟླ་དང་པོའི་ཚེས་༢༣ཉིན་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ས་ལེ་ཤང་སེ་ཆུང་གྲོང་ཚོའི་ཉེ་འཁྲིས་ཀྱི་ནགས་ཚལ་ལ་མེ་སྐྱོན་བྱུང་ཡོད་པ་དང་། སྐྱིད་གྲོང་རྫོང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་མྱུར་སྐྱོབ་འཆར་གཞིའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། མེ་སྐྱོན་དེ་རིམ་པ་བཞི་པའི་མྱུར་སྐྱོབ་ལས་དོན་ལག་བསྟར་བྱེད་རྒྱུའི་ཆ་རྐྱེན་དང་མཐུན་གྱི་ཡོད་པས་སྤྱི་ཟླ་དང་པོའི་ཚེས་༢༤ཉིན་གྱི་ཉིན་གུང་ཆུ་ཚོད་༢པ་ནས་འོག་བཟུང་རིམ་པ་བཞི་པའི་མྱུར་སྐྱོབ་ལས་དོན་ལག་བསྟར་འགོ་འཛུགས་བྱེད་དགོས་པ་བསྒྲགས་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་འདིའི་ཐད་རྩད་གཅོད་བྱས་ཀྱང་ད་ལྟའི་མེ་སྐྱོན་གྱི་གནས་སྟངས་དང་མེ་སྐྱོན་གྱི་བྱུང་རྐྱེན་སོགས་ཁ་གསལ་ལག་སོན་བྱུང་མ་སོང་། དེ་བཞིན་རྒྱ་ནག་གཞུང་ངོས་ནས་ཐེངས་འདིའི་མེ་སྐྱོན་གྱི་བྱུང་རྐྱེན་སོགས་ཀྱི་ཐད་ནས་གནས་ཚུལ་ཁ་གསལ་གང་ཡང་བསྒྲགས་མེད་པ་རེད། ཡིན་ནའང་ནོར་ཝེ་རླུང་འཕྲིན་ཁང་ལ་སྐྱིད་གྲོང་ནས་ཡིན་པའི་བཙན་བྱོལ་བོད་མི་ཞིག་གིས་བརྗོད་པར་ལྟར་ན། མེ་སྐྱོན་དེ་ནི་ས་གནས་སུ་དུས་ཐོག་ཁ་བ་དང་ཆར་པ་མ་བབ་པའི་རྐྱེན་གྱིས་སྐམ་སར་གློག་ཐག་བརྒྱུད་ནས་བྱུང་བ་ཞིག་ཡིན་པ་དང་། ཁུལ་དེར་ཤིང་ནགས་རྒྱ་ཆེན་པོ་ཡོད་སྟབས། རི་སྐྱེས་སྲོག་ཆགས་མང་པོར་གནོད་སྐྱོན་ཚབས་ཆེན་ཕོག་ཡོད་པ་འགྲེལ་བརྗོད་བྱས་འདུག་ལ། དེ་བཞིན་རྒྱ་ནག་གཞུང་གིས་མངགས་གཏོང་བྱས་པའི་མེ་གསོད་མྱུར་སྐྱོབ་མི་སྣའི་གྲངས་ཀར་ཚད་བཀག་ཆེན་པོ་ཡོད་པས། མེ་ཤོར་ནས་ཉིན་གྲངས་༡༠ལྷག་ཕྱིན་ཡོད་ཀྱང་ད་དུང་མེ་གསོད་ཐུབ་མེད་པ་རེད། ད་དུང་མེ་སྐྱོན་དེ་ཐོག་མར་ཉིན་མོར་བྱུང་ཡོད་སྟབས། ད་སྔ་མི་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད་སྐོར་བརྗོད་འདུག
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་མི་སྣ་ཁག་ཅིག་ལ་སྐྱིད་གྲོང་མེ་སྐྱོན་སྐོར་ནས་སྐད་ཆ་དྲིས་ཀྱང་གནས་ཚུལ་ཁ་གསལ་རྒྱུས་ལོན་ཐུབ་མ་བྱུང་།

* ཉག་ཆུ་ཁར་མེ་སྐྱོན།


གསར་འགོད་པ། བསོད་ནམས་ལྷ་མོ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎