བོད་ཀྱི་གནད་དོན་མ་སེལ་ཐབས་མེད་ཅིག་ཆགས་ཡོད།


2017.04.24
སྤྱི་འཐུས་རྣམ་པས་ཉི་ཧོང་ནང་འཚམས་གཟིགས་སྐབས། ༢༠༡༧།༤།༢༣ སྤྱི་འཐུས་རྣམ་པས་ཉི་ཧོང་ནང་འཚམས་གཟིགས་སྐབས། ༢༠༡༧།༤།༢༣
tibet.net

རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་མཆོག་གི་སྐུ་ཚེའི་རིང་བོད་ཀྱི་དཀའ་རྙོག་སེལ་དགོས་ཆགས་ཀྱི་རེད་བསམ་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་ཉི་ཧོང་ནང་འཚམས་གཟིགས་སུ་ཕེབས་པའི་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་གསུངས་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། དེང་སྐབས་བོད་མི་སྤྱི་འཐུས་གསུམ་ཉི་ཧོང་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་ཡོད་པ་དང་། འདི་ཚེས་༢༣་ཉིན་ཁོང་ཚོ་ཉི་ཧོང་བ་དང་བོད་རིགས་ཚོའི་མཉམ་མཇལ་འཕྲད་གནང་བའི་སྐབས གནད་དོན་མང་པོ་ཞིག་གི་ཐོག་གསུང་བཤད་གནང་བ་དང་བཅར་འདྲི་དང་ལེན་སོགས་གནང་འདུག་པའི་ནང་དོན་གཙོ་བོར་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། བཙན་བྱོལ་སྒྲིག་འཛུགས་དང་བོད་མི་ཚོས་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་རྩ་ཁྲིམས་དགོངས་དོན་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་འོག་ནས་རྒྱ་ནག་དང་མཉམ་གྲོས་མོལ་གནང་ཡོད་པ་ལྟར། བོད་མིའི་སྤྱི་ཚོགས་དང་། རྒྱལ་སྤྱིའི་སྟེང་ལའང་དགོས་འདུན་དེར་གཞིགས་པས་གསལ་བཤད་ཞུ་གི་ཡོད་རེད་ཅེས་གསུངས་འདུག
ད་དུང་མང་ཚོགས་ཀྱི་བཅར་འདྲི་དང་ལེན་གནང་བའི་སྐབས་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ལ་རྒྱལ་སྤྱིའི་སྟེང་ཆེ་བསྟོད་ཧ་ཅང་ཆེན་པོ་ཞུ་གི་ཡོད་པ་དང་། ང་ཚོས་འཐབ་རྩོད་དེ་ཡང་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་པའི་ཐོག་ནས་རྩོད་ཀྱི་ཡོད་སྟབས་རྒྱ་ནག་གཞུང་གི་ངོས་ནས་ཀྱང་༧གོང་ས་མཆོག་གི་སྐུ་ཚེའི་རིང་བོད་དོན་དཀའ་རྙོག་སེལ་དགོས་ཆགས་ཀྱི་རེད་བསམ་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་འདུག
དེ་དང་ཕྱོགས་མཚུངས་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་ནས་བོད་ནང་དུས་འགྱུར་མ་བྱུང་བའི་གོང་ནས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་གཞོན་ནུའི་དུས་ནས་མང་གཙོའི་ལམ་ལུགས་སྲོལ་གཏོད་གནང་རྒྱུ་དབུ་བཙུགས་གནང་ཡོད་པ་མ་ཟད། བཙན་བྱོལ་ནང་ལའང་ད་བར་༧གོང་ས་མཆོག་གིས་ཐུགས་རྗེ་བཀྲིན་ལ་བརྟེན་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་འགྱུར་བགྲོས་ཆེན་པོ་བཏང་གནང་བ་སོགས་ཀྱི་གནས་སྟངས་སྐོར་གསལ་བཤད་གནང་ཡོད་པ་རེད།
ཡང་སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་ལགས་ནས་བོད་ནང་གི་ཁོར་ཡུག་གི་གནས་སྟངས་ཧ་ཅང་ཛ་དྲག་ཞིག་ཆགས་ཡོད་པ་དང་། དེས་བོད་ནང་གི་བོད་མི་ཙམ་མ་ཡིན་པར་འབྲེལ་བ་ཡོད་པའི་ཨེ་ཤ་ཡའི་རྒྱལ་ཁབ་ནང་གི་མི་འབོར་ཐེར་འབུམ་མང་པོར་དོ་ཕོག་འགྲོ་གི་ཡོད་པའི་གནས་སྟངས་རྣམས་ངོ་སྤྲོད་གནང་བ་སོགས་གང་ལྟར་བོད་ནང་ཆབ་སྲིད་དང་ཆོས་རིག དེ་དང་ཕྱོགས་མཚུངས་རང་བྱུང་ཁོར་ཡུག་བཅས་ཀྱི་གནས་སྟངས་ཉག་ཕྲ་བའི་སྐབས་ཡིན་པ་སོགས་མང་ཚོགས་ལ་ངོ་སྤྲོད་གནང་ཡོད་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་༢༠༠་ཙམ་ལ་མཇལ་ཁ་སྩལ་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎