སྤྱི་འཐུས་ལྷན་ཚོགས་ཀྱིས་ཐེ་ཝན་དང་ཐེ་ལཎ་ཊའི་ནང་སྐོར་བསྐྱོད།

2014-12-18
གློག་འཕྲིན།
མཆན།
Share
པར་བཀོད།
སྤྱི་འཐུས་ལྷན་ཚོགས་ཀྱིས་ཐེ་ཝན་དང་ཐེ་ལཎ་ཊའི་ནང་སྐོར་བསྐྱོད་སྐབས། ༢༠༡༤།༡༢
སྤྱི་འཐུས་ལྷན་ཚོགས་ཀྱིས་ཐེ་ཝན་དང་ཐེ་ལཎ་ཊའི་ནང་སྐོར་བསྐྱོད་སྐབས། ༢༠༡༤།༡༢
མཐུན་འགྱུར་པར་རིས།

སྤྱི་འཐུས་ལྷན་ཚོགས་ཀྱིས་ཐེ་ཝན་དང་ཐེ་ལཎ་ཊའི་ནང་བོད་དོན་ངོ་སྤྲོད་དང་རྒྱབ་སྐྱོར་འཚོལ་ཐབས་ཀྱི་སྐོར་བསྐྱོད་གནང་འདུག
དེ་ཡང་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ཐེ་ཝན་དང་Thailandནང་གི་བོད་དོན་ངོ་སྤྲོད་དང་རྒྱབ་སྐྱོར་འཚོལ་ཐབས་ཀྱི་སྐོར་བསྐྱོད་ལེགས་པར་འགྲུབ་ཡོད་པ་དང་། ཕྱི་ཚེས་༡༥ཉིན་སྐུ་ཚབ་ཚོགས་ཆུང་གིས་Thailandརྒྱལ་ས་Bankokནང་དུ་ཡོད་པའི་སྤྱི་ཚོགས་ཞབས་ཞུ་བ་དང། རྩོམ་པ་པོ། དམངས་གཙོའི་ལས་དོན་སྤེལ་མཁན། དུས་ཡུན་རིང་པོ་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་སོགས་དང་མཇལ་འཕྲད་གནང་སྟེ། བོད་ནང་རང་ལུས་མེ་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་དང་། བོད་དོན་དཀའ་རྙོག་སེལ་ཐབས་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས། ༧གོང་ས་མཆོག་གི་མཛད་འཕྲིན་དང་དགོངས་གཞི། བོད་མི་དམངས་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་Thailandདུ་ཆེད་གཏོང་གནང་དགོས་པའི་རྒྱུ་མཚན་སོགས་ངོ་སྤྲོད་གནང་བ་མ་ཟད། བོད་ཀྱི་དཀའ་ངལ་མ་སེལ་གྱི་བར་དུ་བོད་དོན་བདེན་པའི་འཐབ་རྩོད་ལ་སྔར་བས་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་པའི་ཁར་ཕན་ཚུན་བོད་ཀྱི་གནད་དོན་དང་བོད་ནང་དུ་བོད་མི་རྣམས་དཀའ་སྡུག་མྱོང་བཞིན་པའི་གནད་དོན་རིམ་པའི་ཐོག་བགྲོ་གླེང་དང་གོ་བསྡུར་ལྷུངས་པོ་གནང་ཡོད་པ་རེད།
དེ་རྗེས་ཕྱི་ཚེས་༡༦ ཉིན་དེའི་ཁུལ་དུ་གནས་སྡོད་བྱེད་མཁན་རྒྱ་རིགས་Cheng Weiminདང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་གཉིས་གཙོས་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་པ་དང་རྒྱ་རིགས་ཉི་ཤུ་ཙམ་ཚོགས་འདུ་ཞིག་ཚོགས་ཏེ། སྐུ་ཚབ་ཚོའི་ངོས་ནས་༧གོང་ས་མཆོག་གྱིས་རྒྱ་མི་རིགས་ཚོར་འཛིན་པའི་ཐུགས་བརྩེ་དང། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས། བོད་རྒྱའི་དཀའ་རྙོགས་སེལ་ཐབས་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་སོགས་ངོ་སྤྲོད་གནང་བའི་རྗེས་ཕྱོགས་ཕན་ཚུན་བོད་རྒྱའི་གནད་དོན་ཐོག་བགྲོ་གླེང་གནང་ཡོད་ལ། ཚོགས་འདུ་དེའི་ནང་དུ་རྒྱ་རིགས་དགེ་རྒན་དང་། ཁྲིམས་དཔོན་ཟུར་པ། སློབ་གཉེར་བ། གསར་འགོད་པའི་ལས་ཀར་ཞུགས་མྱོངས་མཁན། ཚོང་ལས་པ། ཡ་ཤུའི་ཆོས་པ་སོགས་ཕྱི་སྡོད་རྒྱ་རིགས་ཤ་སྟག་ཡིན་ཞིང། ད་རེས་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་གཟའ་འཁོར་གཅིག་རིང་ཐེ་དབན་དང་Thailandརྒྱལ་ས་Bankok གཉིས་ནང་འཚམས་འདྲི་གྲུབ་ཏེ་ཕྱི་ཚེས་༡༦ ཉིན་གྱི་ཕྱི་དྲོ་རྒྱ་གར་ཕྱོགས་སུ་ཕེབས་ཐོན་གནང་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།