བོད་ནང་བོད་མི་འཇིགས་དངངས་འོག་གནས་བཞིན་པ།

རྒྱ་མིའི་དམ་བསྒྲགས་འོག་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་མྱོང་དགོས་པའི་འགྲེལ་བརྗོད་གནང་འདུག

2012.01.29

༄༅༎ཕ་རན་སིའི་གསར་འགོད་ཚོགས་པས་གནས་ཚུལ་ཞིག་སྤེལ་འདུག་པ་དེའི་ནང་བོད་དང་ཐག་ཉེ་བའི་རྒྱ་ནག་གྲན་ཏུའི་ཇ་ཁང་ཞིག་གི་ནང་བོད་མི་དགེ་འདུན་པ་ཞིག་གིས་བོད་ཀྱི་གནས་ཚུལ་འགྲེལ་བརྗོད་གནང་བར།
བོད་ནང་རྒྱ་ནག་གཞུང་གིས་བོད་མི་གནས་སྡོད་བྱེད་ཁུལ་དགོན་སྡེ་སོགས་ཀྱི་ནང་དྲག་གནོན་དང་སྡུག་རྩུབ་བཙན་དབང་བྱེད་པ་དེ་བཞིན་བོད་མིས་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱེད་པ་དང་༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་སོགས་ཀྱི་ལས་འགུལ་སྤེལ་བའི་སྐབས་རྒྱ་ནག་གཞུང་གིས་དེར་དྲག་གནོན་ཤུགས་ཆེ་བྱས་ཏེ་གང་བྱུང་མེ་མདའ་བརྒྱབ་སྟེ་ཞི་བའི་བོད་མི་དམར་གསོད་བཏང་བའི་ཤིན་ཏུ་ཡ་ང་བའི་དཀའ་ངལ་གྱི་གནས་སྟངས་དམྱལ་བ་མི་ཡུལ་དུ་མྱོང་དགོས་པའི་བརྗོད་ཀྱི་ལངས་པའི་གནས་སྟངས་ཤིག་ཡོད་བཞིན་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་བཞིན་གྲན་ཏུའི་ཁུལ་དུ་ཕེབས་ཡོད་པའི་བོད་རིགས་བེུད་གཉིས་ཀྱིས་ཀྱང་བོིད་ནང་དེ་སྔོན་སྤྱི་ལོ་༢༠༠༨་ལོིར་བོད་ཁྱོན་ཡོངས་ཀྱི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་དེར་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་བྱས་ཡོད་པ་དང་དེ་ནས་བཟུང་བོད་ཀྱི་ས་ཁུལ་མང་པོའི་ནང་ཡང་ཡང་བོད་མིའི་ཐོབ་ཐང་གི་ཆེད་དུ་ཁྲོམས་བསྐོར་སོགས་ཀྱི་ལས་འགུལ་སྤེལ་སྐབས་དེར་
ནག་གཞུང་གིས་དྲག་བརྡུང་བཏང་བའི་གནས་སྟངས་དེ་ཚོ་མཚམས་འཇོག་གིས་བོད་ནང་ཞི་བདེ་གཏན་ལྷིང་ཞིག་ཡོང་བའི་གསོལ་བ་སྨོན་ལན་འདེབས་བཞིན་ཡོད་ལུགས་འགྲེལ་བརྗོད་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་བོད་བརྒྱུད་ནང་བསྟན་གྱི་གནའ་བོའི་རིག་དངོས་ཁག་ཅིག་རྒྱ་ནག་ལ་ཕྱིར་སྤྲོད་བྱས་བར་བོད་མི་ཚོས་སེམས་ཚབས་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎