ཚེ་སྒྲུབ་སྐྱིད་བཙོན་གྲོལ་བྱུང་ནས་ཕ་ཡུལ་དུ་འབྱོར་འདུག


2017.04.28
བཙོན་གྲོལ་བྱུང་མ་ཐག་པའི་ཚེ་སྒྲུབ་སྐྱིད། ༢༠༡༧།༤།༥ བཙོན་གྲོལ་བྱུང་མ་ཐག་པའི་ཚེ་སྒྲུབ་སྐྱིད། ༢༠༡༧།༤།༥
བོད་འབྱོར།

རང་ལུས་མེར་སྲེག་དང་འབྲེལ་ནས་འཛིན་བཟུང་བཙོན་འཇུག་བྱས་བ་ཚེ་སྒྲུབ་སྐྱིད་ལགས་མི་ལོ་བཞིའི་རྗེས་ནས་བཙོན་གྲོལ་བྱུང་འདུག
དེ་ཡང་རྨེའུ་དཀོན་རྒྱམ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་སྔ་སྤྱི་ལོ་༢༠༡༢་ལོར་རང་ལུས་མེར་སྲེག་གི་དོན་རྐྱེན་ཞིག་དང་འབྲེལ་ནས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙོན་འཇུག་བྱས་པ་ཚེ་སྒྲུབ་སྐྱིད་ལགས་མི་ལོ་བཞི་ཡི་བཙོན་དུས་བཙང་ནས། སྤྱི་ལོ་༢༠༡༧ཟླ་༤ཚེས་༥ཉིན་གྱི་མཚན་མོའི་དུས་ཚོད་༡༡ཙམ་ལ་ཕྱིར་ཕ་ཡུལ་ཆོ་རྗེ་མར་འབྱོར་སྐབས། ནང་མི་གཉེན་ཉེ་དང་ཡུལ་མི་༢༠༠ལྷག་གིས་ཕེབས་བསུ་བྱས་འདུག
གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། ཁོང་མོ་བཙོན་ཁང་ནང་དུ་ཡོད་སྐབས་གཟུགས་གཞི་མ་བདེ་བའི་རྐྱེན་གྱིས་ལོ་ངོ་གཅིག་ལྷག་ལ་བཙོན་པའི་སྨན་ཁང་དུ་འདུག་དགོས་བྱུང་འདུག་ལ་ ཉེ་ལམ་ཁོང་མོ་བཙོན་དུས་ཚང་ལ་ཉེ་དུས་རྒྱ་ནག་གཞུང་གིས་ཁྱེད་རང་གི་སྨན་ཡོན་ལ་རྒྱ་སྒོར་ཁྲི་བཅུ་གསུམ་སོང་ཡོད་པས། སྐྱིན་ཚབ་སྤྲོད་དགོས་ཚུལ་བཤད་ནས་དཀའ་ངལ་རབ་དང་རིམ་པ་མང་པོ་བཟོས་ཡོད་འདུག
ཚེ་སྒྲུབ་སྐྱིད་ལགས་ཀྱིས་མགོ་ལོག་པདྨ་རྫོང་སེ་ལེ་ཐང་ཡུལ་ཚོ་ནས་ཡིན་པའི་གྲྭ་བློ་བཟང་དགེ་འདུན་ལགས་ཀྱིས་སྤྱི་ལོ་༢༠༡༢ ལོའི་ཟླ་ ༡༢ཚེས་༣ ཉིན་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་ཆེད། རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་གནང་སྐབས་ཁོང་གི་སྐུ་ཕུང་ལ་ཇུས་ཏེ་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་ཞེས་སྐད་འབོད་བྱས་བར་བརྟེན་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་པ་མ་ཟད། རྗེས་སུ་སྤྱི་ལོ་༢༠༡༣ལོའི་ཟླ་༤ཚེས་༥ཉིན་རྒྱ་ནག་གི་ཁྲིམས་ཁང་ནས་མི་ལོ་བཞི་ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ནས་མེན་ཡཱང་བཙོན་ཁང་དུ་བཅུག་ཡོད་འདུག
ཚེ་སྒྲུབ་སྐྱིད་ནི་རང་ལོ་༣༢ དང་ཕ་མིང་ལ་དཀོན་མཆོག་སྔོ་རྭ་དང་ཕ་མ་གཅིག་པའི་མིང་སྲིང་བརྒྱད་ཡོད་འདུག་ལ། མོ་རང་ལ་དཔའ་རྩལ་སྐྱབས་ཟེར་བའི་རང་ལོ་༡༤ཡིན་པའི་བུ་ཞིག་ཡོད་འདུག

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མི་འཐབ་རྒོལ་བ་ཚོར་སྦྱོང་བརྡར་སྤྲད་པའི་གནས་ཚུལ་གསར་པ་ཁག་ཅིག་ཤེས་རྟོགས་བྱུང་བ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་གདོད་མའི་མི་རིགས་ལ་དགོངས་སེལ་ཞུ་བཞིན་པའི་སྐབས་རྒྱ་ནག་གཞུང་གིས་སྟོབས་ཤུགས་ཡོད་ཚད་ཀྱིས་བོད་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ནི་ངོ་ཚ་དགོས་པ་ཞིག་ཡིན་ཞེས། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎