ཨ་རི་དང་རྒྱ་ནག་བར་ཐེ་དབན་ཐད་གྲོས་བསྡུར་གནང་ཡོད་པ།

ཨ་མི་རི་ཀ་དང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་དབར་ཨ་རིས་ཐེ་དབན་ལ་གོ་མཚོན་ཚོང་བསྒྱུར་བྱ་རྒྱུའི་གནད་དོན་ཐད་བཀའ་བསྡུར།

2011.07.30

༄༅༎ཨ་མི་རི་ཀའི་ངོས་ནས་ཐེ་དབན་ལ་མཁའ་དམག་གནམ་གྲུ་ཚོང་བསྒྱུར་བྱ་རྒྱུའི་ཐག་གཅོད་བྱེད་ལ་ཉེ་བ་ཡོད་པའི་གནས་ཚུལ་ཞིག་ཐོན་བཞིན་ཡོད་པ་དང་ཐེ་དབན་ལ་གོ་མཚོན་ཚོང་བསྒྱུར་བྱ་རྒྱུ་དེསཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་ལམ་ལ་དོ་ཕོག་མི་ཡོང་བའི་སྔོན་འགོག་གི་ཆེད་གཟའ་པ་སངས་ཉིན་ཨ་མི་རི་ཀ་དང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་དབར་གནད་དོན་འདིའི་ཐད་བཀའ་བསྡུར་གནང་ཡོད་འདུག

ཐེ་དབན་གྱིས་རྒྱུན་རིང་ཨ་མི་རི་ཀར་ F-16 རྟགས་ཅན་གྱི་ཨ་མི་རི་ཀའི་མཁའ་དམག་གནམ་གྲུ་ཚོང་བསྒྱུར་ཡོང་བའི་རེ་འདུན་བཏོན་པ་ལྟརདེ་ལྟར་ཚོང་བསྒྱུར་བྱེད་མིན་ གྱི་ཐག་གཅོད་ཅིག་འདི་ལོ་ཕྱི་ཟླ་བཅུ་པའི་ཚེས་ ༡ གོང་བྱ་རྒྱུ་ཡིན་པ་ཨ་མི་རི་ཀའི་གཞུང་གི་དཔོན་རིགས་ཚོས་བརྗོད་བཞིན་ཡོད་པ་རེད།

རྒྱ་ནག་གི་ཐེ་དབན་ལས་དོན་ཐད་ཀྱི་འགན་འཛིན་ ཝང་ ཡི་དང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ Williams Burns རྣམ་གཉིས་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་སུ་མཇལ་འཕྲད་གནང་ཞིང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ ཧི་ལ་རི་ ཀིལན་ཊན་ཡང་དེའི་ནང་མཉམ་ཞུགས་གནང་ཡོད་འདུག།

རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིསརྒྱ་ནག་སྐམ་ས་ཆེན་པོའི་ངོས་ནས་ ཨ་མི་རི་ཀས་ཐེ་དབན་ལ་གོ་མཚོན་ཚོང་བསྒྱུར་བྱ་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་པར་མ་ཟདགནད་དོན་དེས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་ལམ་ལ་དོ་ཕོག་གཏང་རྒྱུ་དང་དེ་བཞིན་མཚོ་སྒག་ཕན་ཚུན་གྱི་འབྲེལ་ལམ་ལ་ཡང་དོ་ཕོགས་གཏང་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།

ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་གྲོས་མོལ་གྱི་ཞིབ་ཕྲའི་གནས་ཚུལ་ཁྱབ་སྤེལ་བྱས་མེད་ན་ཡང་གསལ་བསྒྲགས་ཤིག་སྤེལ་བ་དེའི་ནང་ཨ་མི་རི་ཀ་དང་རྒྱ་ནག་དབར་གནད་དོན་གལ་ཆེ་མང་དག་ཅིག་གི་ཐོག་གྲོས་མོལ་བྱེད་དགོས་པ་ནི་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་ཡང་ གྲོས་མོལ་གྱི་ལས་དོན་དེ་དག་གིསཨ་མི་རི་ཀ་དང་ཐེ་དབན་དབར་འབྲེལ་ལམ་དམ་གཟབ་ཡོད་པ་དེར་གནོད་སྐྱོན་འགྲོ་དགོས་དོན་གང་ཡང་མེད་པ་རེད་ཅེས་བཀོད་ཡོད་པ་རེད།

འདི་ལོ་ཕྱི་ཟླ་དགུ་པའི་ནང་ ཐེ་དབན་གྱི་བདེ་སྲུང་བློན་ཆེན་ཀའོ་ཧུཨ་ཅུ་ཨ་མི་རི་ཀར་ཕེབས་ཏེ f-16 རྟགས་ཅན་གྱི་མཁའ་དམག་གནམ་གྲུ་ཚོང་བསྒྱུར་གྱི་རེ་བསྐུལ་ཐད་ཤུགས་སྣོན་སྐྱོན་རྒྱུ་ཡིན་པ་ཐེ་དབན་གྱི་གསར་ཤོག་ཁག་ནང་གནས་ཚུལ་ཐོན་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་དང་ཆོས་རིག་གཉིས་ཀའི་ཐོག་འབྲེལ་ཐག་ཉེ་བའི་འབྲུག་ཡུལ་གྱིས་བོད་མིང་ལ་ཤི་ཙང་ཞེས་འབོད་འགོ་བཙུགས་པ་ནི་བློ་ཕམ་གྱི་གནས་རེད་ཅེས་ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎