བོད་དོན་ཁྲིམས་ཡིག་ལ་སྲིད་འཛིན་གྱིས་མཚན་རྟགས་བསྐྱོན་པར་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོས་དགའ་བསུ་ཞུས་འདུག

2024.07.18
བོད་དོན་ཁྲིམས་ཡིག་ལ་སྲིད་འཛིན་གྱིས་མཚན་རྟགས་བསྐྱོན་པར་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོས་དགའ་བསུ་ཞུས་འདུག ཨ་མི་རི་ཀའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་རྡ་རམ་ས་ལར་ཆེད་ཕེབས་གནང་སྐབས། ༢༠༢༤།༦།༡༩
OHHDL

ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མེ་ཁལ་མེ་ཁོལ་ (Michael McCaul) ལགས་ཀྱིས་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་ (Joe Biden) མཆོག་གིས་མཚན་རྟགས་བསྐྱོན་པའི་བོད་དོན་ཁྲིམས་ཡིག་(S 138)པ་སྟེ། བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་སྐོར་ལ་སྤེལ་བའི་གསལ་བསྒྲགས་ནང་། བོད་དོན་ཁྲིམས་འཆར་དེ་ཟླ་༧པའི་ཚེས་༡༣ཉིན་ནས་ཁྲིམས་ཆགས་པ་རེད། ཁྲིམས་ཡིག་དེས་ཨ་མི་རི་ཀའི་སྲིད་ཇུས་བསྐྱར་བཟློས་བྱས་ཡོད་ལ། དེ་ནི་བོད་མི་དམངས་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཡོད། ཟླ་བ་སྔོན་མར་སྐུ་ཞབས་མེ་ཁོལ་ལགས་ཀྱིས་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གི་སྣེ་ཁྲིད་ནས་བཞུགས་སྒར་རྡ་རམ་ས་ལར་ཆེད་དུ་ཕེབས་པ་དེས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་ཚོགས་པ་གཉིས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་མཚོན་ཡོད་ལ། བོད་དོན་ཁྲིམས་ཡིག་དེས་རྒྱ་ནག་ལ་ཁོང་ཁྲོ་བསླངས་ཡོད། སྲིད་འཛིན་གྱིས་བོད་དོན་ཁྲིམས་ཡིག་ལ་མཚན་རྟགས་བསྐྱོན་་པར་ང་རང་དགའ་བོ་བྱུང་། རྒྱ་ནག་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གིས་བོད་ཀྱི་རིག་གནས་རྨེག་མེད་དུ་གཏོང་བཞིན་ཡོད་པ་དང་། བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་བཙན་འཕྲོག་བྱས་ཡོད། བདག་གིས་གྲོས་ཚོགས་གོང་འོག་གཉིས་ཀྱི་སྐུ་ཚབ་ཅིག་ཁྲིད་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་བ་ནི་ངའི་གཟི་བརྗིད་ཡིན། ཞེས་དང་། ཆབས་ཅིག་ཏུ་རྒྱ་ནག་གི་གཏུམ་སྤྱོད་ཆེ་བའི་སྲིད་ཇུས་རིགས་སྤེལ་ནས་རིག་གནས་སྣ་ཚོགས་རྩ་མེད་དུ་གཏོང་རྒྱུར་ང་ཚོས་འགོག་ཐབས་བྱེད་ངེས་ཡིན། བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་འཆར་འདི་བཏོན་ནས་བོད་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་དྲང་བདེན་དང་ཞི་བདེ་སྐྱོང་བའི་སྟོབས་ཤུགས་བསྐྲུན་ཐུབ་པར་སྤོབས་པ་སྐྱེས་ཡོད་ཅེས་གསལ་བསྒྲགས་སུ་བཀོད་འདུག

us-dele-michael-mccaul-dharamsala-1.jpg
བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་ནང་། ཨ་རིས་བོད་མི་དམངས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་དང་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་ཡོད། རྒྱ་ནག་གིས་སྤེལ་བཞིན་པའི་གནས་ཚུལ་རྫུན་མའི་རིགས་ལ་གདོང་ལེན་བྱས་ཏེ་ཨ་རིའི་བོད་ལ་རྒྱབ་སྐྱོར་གྱི་ནུས་ཤུགས་ཆེ་རུ་གཏོང་རྒྱུ། བོད་དང་རྒྱ་ནག་གཞུང་བར་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་གྲོས་མོལ་བྱེད་རྒྱུར་སྐུལ་འདེད་བྱས་ནས་བོད་རྒྱའི་རྩོད་རྙོག་སེལ་ཐབས་བྱ་རྒྱུ་བཅས་བཀོད་ཡོད་པ་རེད།


གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་བཞི་པ་རྒྱུན་སྐྱོང་ཐུབ་མེད་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཀར་མོ་གཡང་འཁྱིལ་ཆུ་ཪགས་རྐྱེན་གྱིས་ཨ་ཚོགས་དགོན་པ་དང་མཆོད་རྟེན་སྡེ་བའི་ཤུལ་ཙམ་ཡང་མེད་པར་ཆུའི་ནང་དུ་བསྣུབས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎