ཨ་རི་དང་རྒྱ་ནག་གཉིས་ཀྱི་ཚོང་འབྲེལ་ཛ་དྲག་སྐབས་རྒྱ་ནག་དང་ཡོ་རོབ་ཀྱི་དཔལ་འབྱོར་འབྲེལ་ལམ་མཉམ་གནས་དགོས་པ་རྒྱ་ནག་གི་སྲིད་འཛིན་གྱིས་བརྗོད་འདུག

2025.01.15
ཨ་རི་དང་རྒྱ་ནག་གཉིས་ཀྱི་ཚོང་འབྲེལ་ཛ་དྲག་སྐབས་རྒྱ་ནག་དང་ཡོ་རོབ་ཀྱི་དཔལ་འབྱོར་འབྲེལ་ལམ་མཉམ་གནས་དགོས་པ་རྒྱ་ནག་གི་སྲིད་འཛིན་གྱིས་བརྗོད་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་(Xi Jinping) ༡༢།༣༡།༢༠༢༤
Xinhua News Agency via AP

དེ་ཡང་འདི་ཚེས་༡༤རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་འགན་འཛིན་ཨན་ཐོ་ནི་ཡོ་ཁོ་སུ་ཌ་(Antonio Costa)་ལགས་སུ་རྒྱ་ནག་དང་ཡོ་རོབ་མནའ་འབྲེལ་བར་ངར་ཤུགས་ཆེ་བའི་མཉམ་གནས་ཀྱི་དཔལ་འབྱོར་འབྲེལ་བ་ཡོད་པ་ནན་བརྗོད་ཀྱིས། རྒྱ་ནག་གིས་ཡོ་རོབ་མནའ་འབྲེལ་དེ་ཕན་ཚུན་བར་ཡིད་ཆེས་བློ་འཁེལ་གྱི་མཉམ་ལས་མཐུན་གྲོགས་སུ་འགྱུར་བའི་རེ་བ་བྱེད་ཀྱི་ཡོད་ཚུལ་དང་། རྒྱ་ནག་དང་ཡོ་རོབ་ཀྱི་དཔལ་འབྱོར་འབྲེལ་ལམ་དེ་ཨ་རི་དང་ཚོང་འབྲེལ་ཛ་དྲག་གི་གནས་སྟངས་ཁྲོད་མཉམ་གནས་བྱེད་དགོས་བའི་འབོད་སྐུལ་ཞུས་འདུག
དེ་བཞིན་རྒྱ་ནག་གཞུང་འབྲེལ་དབུས་བརྙན་འཕྲིན་ཁང་གི་གནས་ཚུལ་ནང་ཞི་ཅིན་ཕིང་གིས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་འགན་འཛིན་ཨན་ཐོ་ནི་ལགས་སུ་ཁ་པར་བརྒྱུད་རྒྱ་ནག་དང་ཡོ་རོབ་བར་ཕན་ཚུན་བརྩི་མཐོང་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས་ལྷག་བསམ་ལྡན་པའི་ངང་གྲོས་མོལ་བྱས་ཏེ་མཉམ་ལས་སྐུལ་སྤེལ་གྱིས་གྲུབ་འབྲས་ལེགས་པོ་ལེན་དགོས་ཚུལ་བརྗོད་ཡོད་པ་བཀོད་འདུག
ཞི་ཅིན་ཕིང་གི་གོང་བརྗོད་སྐད་ཆ་དེ་ནི་འཛམ་གླིང་སྟེང་དཔལ་འབྱོར་འཁོར་རྒྱུག་ཨང་གཉིས་བར་བརྩི་བའི་རྒྱ་ནག་གིས་ཨ་རིས་རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲལ་ཇེ་མཐོར་གཏོང་རྩིས་ལ་གདོང་ལེན་གྲ་སྒྲིག་གི་དུས་སྐབས་ཆགས་ཡོད་ལ། རྒྱུ་མཚན་ནི་བདམས་ཐོན་སྲིད་འཛིན་ཌོལ་ནལཌི་ཀྲོརམ་(Donald Trump)་ ཡིས་བདུན་ཕྲག་རྗེས་མར་སྲིད་འཛིན་དམ་འབུལ་གྱིས་ཕྱིར་ཕོ་བྲང་དཀར་པོའི་ནང་ལོག་རྗེས། རྒྱ་ནག་དང་ཡོ་རོབ་བར་གྱི་ཚོང་འབྲེལ་གནས་སྟངས་དེའང་ཛ་དྲག་ཏུ་འགྲོ་ཉེན་ཡོད་པ་རེད།
རྒྱ་ནག་དང་ཨ་རི་བར་དུས་རྒྱུན་དུ་ཕན་ཚུན་བར་རྒོལ་རྡུང་བྱེད་རེས་བྱས་ནས་གཅིག་གིས་གཅིག་ལ་ཁ་གཏད་ཀྱི་ཐབས་ཇུས་ལག་ལེན་བྱེད་བཞིན་པ་མ་ཟད། ཕན་ཚུན་བར་ཚན་རྩལ་དང་གནད་འགག་གི་རྒྱུ་ཆ་ཕྱིར་ཚོང་ཐད་ཚོད་འཛིན་བྱེད་ཀྱི་ཡོད་ལ། ཡོ་རོབ་ནས་རྒྱ་ནག་གི་གློག་སྒུལ་མོ་ཀྲ་རླངས་འཁོར་ཐོག་སྒོ་ཁྲལ་བསྡུ་ལེན་བྱེད་ཀྱི་ཡོད་པ་རེད།


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎