བོད་མི་ཕྱི་ལ་གྱར་ནས་བོད་སྐད་བཀོལ་སྤྱོད་བྱེད་རྒྱུ་ཇེ་ཉུང་དུ་འགྲོ་བཞིན་པ།

2021-11-06
Share
བོད་མི་ཕྱི་ལ་གྱར་ནས་བོད་སྐད་བཀོལ་སྤྱོད་བྱེད་རྒྱུ་ཇེ་ཉུང་དུ་འགྲོ་བཞིན་པ། ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་གཟའ་མཇུག་བོད་ཡིག་སློབ་གྲྭ།
ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་གཟའ་མཇུག་བོད་ཡིག་སློབ་གྲྭ།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་། དེང་སྐབས་བོད་ནང་ཆ་མཚོན་ན་བོད་མི་མང་དག་ཅིག་རྒྱ་ནག་དང་བོད་ཀྱི་གྲོང་ཁྱེར་ཆེ་ཁག་ཏུ་འཚོ་བའི་མདུན་ལམ་འཚོལ་སྙེག་ཆེད་གྱར་མཁན་ཇེ་མང་དང་། བོད་ཕྱི་ཕྱོགས་སུ་མཚོན་ན་བོད་མི་མང་པོ་ཞིག་བོད་མི་འདུ་སྡོད་ཕོན་ཆེ་ཡོད་སའི་རྒྱ་བལ་འབྲུག་གསུམ་གྱི་ཕྱི་ཕྱོགས་ཏེ་ཕྱི་རྒྱལ་ཡུལ་གྲུ་ ༣༠ ཙམ་གྱི་ནང་གྱར་ཡོད་པར། མི་རབས་རྗེས་འགྱུར་དང་བསྟུན་ནས་བོད་མི་དེ་དག་གི་ཉིན་རེའི་མི་ཚེའི་ནང་བཀོལ་སྤྱོད་བྱེད་པའི་བོད་ཀྱི་སྐད་ཡིག་ལ་ཉམས་ཉེས་ཇི་སྙེད་ཅིག་བྱུང་བཞིན་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཝར་ཎ་བོད་ཀྱི་མཐོ་སློབ་ཀྱི་བོད་ཡིག་སྡེ་ཚན་གྱི་འགན་འཁུར་བ་རྒན་ལྷག་པ་ཚེ་རིང་ལགས་དང་ལྷན་འདི་དག་ལ་གདོང་ལེན་གཉེན་པོ་བསྟེན་ཕྱོགས་ཐད་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།