བྲེལ་ཟིང་གི་ཁྲོད་ཀྱི་སེམས་ཁམས་ནད་ལ་གསོ་བ་རིག་པས་གཉེན་པོ་བསྟེན་ཚུལ།
ལོ་ངོ་ ༢༠ ལྷག་གི་རིང་ཡོ་རོབ་ནང་བོད་ཀྱི་གསོ་རིག་སྨན་གྱི་ཐོག་ནས་གསོ་བཅོས་གནང་བཞིན་པའི་སྨན་པ་མཚོ་སྣ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་ཡོ་རོབ་ཡུལ་གྲུ་ཁག་ཏུ་བསྐོར་སྐྱོད་གནང་སྟེ་བོད་ཀྱི་གསོ་རིག་སྨན་གྱི་གསོ་བཅོས་གནང་ལུགས་དང་སེམས་ཁམས་ཀྱི་དཀའ་ངལ་ཡོད་རིགས་ལ་འཕྲོད་བསྟེན་བྱེད་ཕྱོགས་ཐད་ལམ་སྟོན་གནང་བཞིན་ཡོད་ཅིང་། ༢༠༢༣ ཕྱི་ཟླ་ ༡༡ ཚེས་ ༢༥ དང་ ༢༦ བཅས་སུ་སུཝིཌེན་གྱི་གྲོང་ཁྱེར་ (Stockholm) སིཊོཀ་ཧོལམ་དུ་ཟབ་སྦྱོང་གནང་ཡོད་པ་རེད། གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བྲེལ་ཟིང་གི་མི་ཚེའི་བྱ་གཞག་ནང་སེམས་ནད་ཀྱིས་མནར་བ་ཚོར་བོད་ཀྱི་གསོ་རིག་ཀྱི་ཐོག་ནས་གསོ་བཅོས་གནང་ལམ་ཐད་སྨན་པ་མཚོ་སྣ་བློ་བཟང་ཚུལ་ཁྲིམས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།