གཡག་གི་བུ་མོ་ (Yak girl) བཟོ་ཚོང་ཁང་གིས་ཤ་གསོས་ཀྱི་ཐོན་སྐྱེད་སྐྲུན་བཞིན་པ།
དེང་སང་ཕྱི་ཁོར་ཡུག་གི་འབག་བཙོག་དང་རྫས་སྦྱོར་རྩུབ་པོ་སོགས་རིགས་ཀྱིས་ཕྱིའི་པགས་པར་གནོད་པའི་རྐྱེན་མང་པོ་ཞིག་རྒྱུན་མཐུད་དུ་ཐེབས་བཞིན་པའི་དུས་སྐབས་འདིར། སྲོལ་རྒྱུན་གྱི་རང་བྱུང་ཤ་མདོག་ལ་བདག་གཅེས་བྱེད་པའི་ཐབས་ལམ་ནི་དར་སྲོལ་ཙམ་མ་ཡིན་པར་ཤ་མདོག་བདག་གཅེས་རྒྱུན་འཁྱོངས་བྱེད་པའི་འདེམས་ཁ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
ཁེ་ན་ཌ་ཨོན་ཊེ་རིའོ་མངའ་སྡེའི་ Mississauga གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་གཡག་གི་བུ་མོ་ (Yak girl) ཞེས་པའི་རང་བྱུང་ཤ་གསོས་བཟོ་ཚོང་ཁང་གིས། རང་བྱུང་གི་ཤ་གསོས་རིགས་དང་ཉིན་རེའི་འཚོ་བའི་ཁྲོད་མཁོ་བའི་རང་བྱུང་གི་ཐོན་སྐྱེད་གཞན་འདྲ་མིན་ཁག་ཅིག་ཀྱང་བཟོ་སྐྲུན་སྤུས་ཚོང་ཞུ་བཞིན་ཡོད་པའི་ཐོན་སྐྱེད་ཁག་ལ་མང་ཚོགས་ཀྱིས་དགའ་མོས་གནང་མཁན་མང་པོ་ཡོད་པ་གསུངས་བྱུང་།
ཐེངས་འདིའི་བཀའ་དྲིའི་ལས་རིམ་ནང་། གཡག་གི་བུ་མོ་ (Yak girl) ཞེས་པའི་བཟོ་ཚོང་ཁང་གིས་སྲོལ་རྒྱུན་གྱི་ཡི་ཛི་དང་། ཡང་ལཱ་དྲི་ཞིམ། མིག་དང་གདོང་རིས་གཉེར་མ་བཀག་འགོག་གི་སྣུམ་ལ་སོགས་པའི་ཤ་གསོས་འདྲ་མིན་བཟོ་སྐྲུན་གནང་འགོ་བཙུགས་ནས་ཐོན་སྐྱེད་དེ་དག་དང་འབྲེལ་བའི་སྐོར་ཚོང་བདག་ཚེ་རིང་སྒྲོལ་མ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་གནང་གི་རེད།།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།