དམིགས་བསལ་ཚོགས་ཆེན་ཐོག་གླེང་བ།

བར་ལམ་བོད་ནང་ཛ་དྲག་གི་བྱུང་རྐྱེན་དང་རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་བོད་ཀྱི་རྩ་དོན་ཐོག་གི་དམིགས་བསལ་ཚོགས་ཆེན་ཐོག་མ་དེ་གནང་རྒྱུ།

2008-09-22
Share

༄༅༎ཕྱི་ལོ་ཉིས་སྟོང་བརྒྱད་ཟླ་བ་དགུ་པའི་ཚེས་ཉེར་གཉིས་རེས་གཟའ་ཉི་མའི་གཏམ་གླེང་གི་ལེ་ཚན་ནང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བར་ལམ་བོད་ནང་ཛ་དྲག་གི་བྱུང་རྐྱེན་དང་རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་བགྲོ་གླེང་ཞིབ་ལྷོད་ཅིག་གནང་ཆེད་དམིགས་བསལ་ཚོགས་ཆེན་འདི་ལོ་ཕྱི་ཟླ་བཅུ་གཅིག་གི་ཚེས་བཅུ་བདུན་ནས་ཉེར་གཉིས་བར་འཚོགས་གཏན་འཁེལ་བའི་སྐོར་འདི་གའི་བློ་བསྡུར་ཞུ་ཡུལ་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་དང་ཁེ་ན་ཌ་ནས་བོད་དོན་དོན་གཉེར་བ་དང་བྱང་ཨ་རིའི་སྤྱི་ཟུར་ཐུབ་བསྟན་བསམ་འཕེལ་ལགས་གཉིས་ཀྱི་ལྷན་ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་ནས་བགྲོ་གླེང་ཞུས་པར་གསན་རོགས་གནང་༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།