བོད་ནང་དུ་ཡུལ་སྐོར་བ་མི་གྲངས་འབུམ་བཞི་བརྒྱ་བརྒལ་བ་འབྱོར་ཡོད་པའི་གནས་ཚུལ་སྤེལ་འདུག

2020-06-29
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གཞུང་གིས་༢༠༡༩ལོར་བོད་ནང་དུ་ཡུལ་སྐོར་བ་མི་གྲངས་འབུམ་བཞི་བརྒྱ་བརྒལ་བ་འབྱོར་ཡོད་པའི་གནས་ཚུལ་སྤེལ་འདུག་ཀྱང་བོད་གནད་ཉམས་ཞིབ་པས་དེ་ནི་བོད་ནང་རྒྱ་མི་གནས་སྤོ་བྱེད་རྒྱུའི་སྲིད་བྱུས་ཤིག་ཡིན་པ་བརྗོད་ཡོད་པ་རེད།
རྒྱ་ནག་གཞུང་གིས་༢༠༡༩ལོར་བོད་ནང་དུ་ཡུལ་སྐོར་བ་མི་གྲངས་འབུམ་བཞི་བརྒྱ་བརྒལ་བ་འབྱོར་ཡོད་པའི་གནས་ཚུལ་སྤེལ་འདུག་ཀྱང་བོད་གནད་ཉམས་ཞིབ་པས་དེ་ནི་བོད་ནང་རྒྱ་མི་གནས་སྤོ་བྱེད་རྒྱུའི་སྲིད་བྱུས་ཤིག་ཡིན་པ་བརྗོད་ཡོད་པ་རེད།
གྷེ་ཊི།

སྤྱིར་རྒྱ་ནག་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་སོགས་ཀྱི་སྲིད་བྱུས་འོག་བོད་ནང་ལོ་རེར་བཞིན་རྒྱ་ནག་ནས་ཡུལ་སྐོར་བ་དུ་མ་ཞིག་སླེབས་ཀྱི་ཡོད་པ་མ་ཟད། འདི་ཚེས་༢༨རེས་གཟའ་ཉི་མའི་ཉིན་ཀྲུང་གོའི་བོད་ལྗོངས་ཟེར་བའི་གནས་ཚུལ་སྤེལ་བར་ལྟར་ན། སྤྱི་ལོ་༢༠༡༩ལོར་བོད་ནང་དུ་ཡུལ་སྐོར་བ་མི་གྲངས་འབུམ་བཞི་བརྒྱ་བརྒལ་བ་འབྱོར་ཡོད་པ་འཁོད་འདུག་ཅིང་། བོད་དུ་འབྱོར་བའི་རྒྱ་རིགས་ཚོ་བོད་མིའི་ལྷན་དུ་གཉེན་སྒྲིག་བྱས་ཚེ། མི་རིགས་མཐུན་སྒྲིལ་གྱི་གཟེངས་བསྟོད་ཅེས་པ་སྤྲོད་སྲོལ་ཡོད་པ་བཞིན། ལྷ་སའི་ཉེ་འཁོར་དུ་ཡོད་པའི་ཆུ་ཤུར་རྫོང་ཚྭ་རགས་ཤང་དཔལ་གླིང་གྲོང་ཚོ་རུ་ད་ཆ་རྒྱ་རིགས་དང་བོད་རིགས་གཉིས་བཟའ་ཚོར་གྱུར་བའི་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་༢༡ཡོད་པ་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་འདུག

དེའི་ཐད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། སྤྱིར་གཏང་མི་རིགས་མཐུན་ཟེར་བའི་ཐ་སྙད་དེ་སྙན་པོ་ཞིག་ཡོད། འོན་ཀྱང་། རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཟེར་བའི་ཐབས་བྱུས་དེ་ནི་ཧ་ཅང་གི་སྲིད་བྱུས་ངན་པ་ཞིག་ཡིན་པ་མ་ཟད། སྲིད་བྱུས་དེ་ལྟ་བུའི་བརྒྱུད་བོད་ས་ཡོངས་རྫོགས་རྒྱ་ནག་ཅན་དུ་བསྒྱུར་ཐབས་བྱེད་བཞིན་ཡོད་པ་འདི་གའི་རླུང་འཕྲིན་ཁང་ལ་བརྗོད་ཡོད་པ་རེད། ཞིབ་ཕྲའི་གནས་ཚུལ་བློ་བཟང་དགེ་ལེགས་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པར་གསན་རོགས།།

གསར་འགོད་པ་བློ་བཟང་དགེ་ལེགས།

མཆན། (0)
Share
དྲ་གནས་ཆ་ཚང༌།