ཁམས་འབའ་ཐང་དུ་རང་ལུར་མེར་སྲེག

2014-03-29
གློག་འཕྲིན།
མཆན།
Share
པར་བཀོད།
ཁམས་འབའ་ཐང་དུ་བཙུན་མ་ཞིག་གིས་རང་ལེས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་རྗེས་སྨན་ཁང་དུ་འཁྱེར་ཡོད་པའི་གནས་ཚུལ།
ཁམས་འབའ་ཐང་དུ་བཙུན་མ་ཞིག་གིས་རང་ལེས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་རྗེས་སྨན་ཁང་དུ་འཁྱེར་ཡོད་པའི་གནས་ཚུལ།
རི་མཐོ་ས་གཙང༌།

༄༅༎ཕྱི་ཟླ་༣ཚེས་༢༩རེས་གཟའ་སྤེན་པའི་ཉིན་བོད་མདོ་སྟོད་འབའ་ཐང་རྫོང་འབའ་ཆོས་སྡེ་དགོན་པའི་ཉེ་འགྲམ་དུ་བཙུན་མ་ཞིག་གིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ཡོད་པ་དང༌། དེ་མ་ཐག་དགོན་པར་སྐོར་བ་རྒྱག་མཁན་ཚོས་ཁོ་མོའི་ལུས་སྟེང་གི་མེ་བསད་རྗེས་སྨན་ཁང་དུ་འཁྱེར་ཡོད་འདུག
འདི་ག་རླུང་འཕྲིན་ཁང་ལ་ཁ་པར་བརྒྱུད་མདོ་སྟོད་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ནས་”དེ་རིང་འབའ་ཐང་དུ་རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་འདུག་པ་དེ་བདེན་པ་རེད། རང་ལུས་མེར་སྲེག་གནང་མཁན་བཙུན་མ་ཞིག་རེད། ཡིན་ནའང་། ད་ཆར་རྒྱ་ནག་གཞུང་གིས་ས་གནས་ཀྱི་ཁ་པར་དང་སྐད་འཕྲིན་བཅས་བརྒྱུད་ལམ་ཁག་ཡོངས་རྫོགས་ལ་བཀག་སྡོམ་བྱས་ཡོད་སྟབས། རང་ལུས་མེར་སྲེག་གནང་མཁན་གྱི་མཚན་དང་ཞིབ་ཕྲའི་གནས་ཚལ་ཤེས་ཀྱི་མི་འདུག”ཅེས་འགྲེལ་བརྗོད་གནང་སོང༌༎

མཆན། (0)
Share
དྲ་གནས་ཆ་ཚང༌།