དབྱར་རྩྭ་དགུན་འབུའི་རིན་གུང་གསེར་དང་མཉམ་པ།


2017-04-28
Share
བོད་ནང་རྩྭ་སའི་འཁྲུག་རྩོད། དབྱར་རྩ་དགུན་འབུ་བརྐོ་བའི་དུས་སུ་བོད་ནང་རྩ་སའི་འཁྲུག་རྩོད་ཀྱི་གནས་ཚུལ་ཐོན་བཞིན་པ།
ཊམྦ་ལར།

དེང་གི་ཆར་འདི་ནི་དབྱར་རྩྭ་དགུན་འབུ་རྐོ་བཞིན་པའི་སྒང་རེད། དབྱར་རྩྭ་དགུན་འབུའི་རིན་གུང་གསེར་དང་མཉམ་པའི་འདས་པའི་ལོ་ཤས་ནས་བཟུང་། བོད་མི་ཕལ་མོ་ཆེ་དང་དེ་བཞིན་བོད་ཁུལ་དུ་གནས་སྡོད་རྒྱ་རིགས་དང་ཧོས་རིགས་སོགས་ཀྱི་འཚོ་བའི་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་ཐེབས་ཡོད། ཡིན་ན་ཡང་། དབྱར་རྩྭ་དགུན་འབུ་ལོ་མང་རིང་བསྟུད་མར་བརྐོས་པ་དེས་འབྲོག་པའི་རྩྭ་སར་གནོན་སྐྱོན་ཡོད་མེད་དང་། ཁོར་ཡུག་ལ་གནོད་འཚེ་ག་ཚོད་ཅིག་ཐེབས་ཀྱིན་ཡོད་པ། ཡང་དབྱར་རྩྭ་དགུན་འབུ་རྐོ་སྐབས་དང་རྗེས་སུ་ཁོར་ཡུག་སྲུང་སྐྱོང་བྱེད་ཐབས་ཅི་ཞིག་ཡོད་པ་ལ་སོགས་པའི་ཐད་བགྲོ་གླེང་བྱེད་རྒྱུ་ཡིན།
སྐུ་མགྲོན།
འདས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་དབྱར་རྩྭ་དགུན་འབུ་རྐོ་བ་དང་ཚོང་ལས་བྱེད་མྱོང་བའི་བོད་ནང་གི་བོད་མི་གུང་དཀར་ངེ་དོན་ལགས་དང་།
ཨུ་རུ་སུའི་བྷུར་ཡ་ཏི་རུ་གསོ་རིགས་ཀྱི་ལས་ཀ་གཉེར་གྱིན་པའི་སྐལ་བཟང་རྡོ་རྗེ་ལགས་རྣམ་པ་གཉིས་ཡིན།

 

གསར་འགོད་པ་སྟག་ལྷ་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།