ཡོངས་ཁྱབ་དུ་ཁས་ལེན་པའི་རྒྱ་ནག་གི་དཔོན་རབས་ལྔ།


2019-10-04
Share
ཡོངས་ཁྱབ་དུ་ཁས་ལེན་པའི་རྒྱ་ནག་གི་དཔོན་རབས་ལྔ། རྒྱ་ནག་གི་དཔོན་རབས་ལྔའི་རིང་ལ་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། རིག་གཞུང་བཅས་སུ་མིས་བཟོས་ཀྱི་གནོན་འཚེ་ཅི་ཞིག་ཕོག་སྐོར་གླེང་བ།
དྲ་གླེང༌།

༄༅།།ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབ་པའི་གླེང་བྱ་ནི། རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་བཟུངས་པའི་མི་ལོ ༧༠འི་རིང་། ཡོངས་ཁྱབ་དུ་ཁས་ལེན་པའི་རྒྱ་ནག་གི་དཔོན་རབས་ལྔ་སྟེ། མའོ་ཙེ་ཏུང་། ཏེང་ཞོ་ཕེང་། ཅང་ཙེ་མེན། ཧོའུ་ཅིན་ཐའོ། ཞི་ཅིན་ཕེང་བཅས་ཀྱི་རིང་ལ། བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། རིག་གཞུང་བཅས་སུ་མིས་བཟོས་ཀྱི་གནོན་འཚེ་ཅི་ཞིག་ཕོག་པ་དང་། དེ་བཞིན་དམིགས་སྒོ་ཅན། འཆར་གཞི་ཅན་གྱི་སྲིད་ཇུས་སྣ་ཚོགས་གཏན་འབེབས་ཀྱིས་བོད་ཀྱི་སྤྱི་ཚོགས་སྒྲོམ་གཞི་དང་རིག་གཞུང་ལ་གཏོར་བརླག་ཅི་ཞིག་བཏང་ཡོད། ཡང་ལྟོས་ས་ལྟོས་འཇོག་གིས་ཁག་ཐེག་བྱས་ཆོག་པའི་ལེགས་པའི་ཆ་ཡོད་མེད་ལ་སོགས་ཀྱི་ཐད་བོད་དོན་ཉམས་ཞིབ་པ་གཉིས་དང་མཉམ་དུ་སྟག་ལྷ་རྒྱལ་ལགས་ཀྱིས་བགྲོ་གླེང་བྱས་ཡོད༎

དེ་རིང་གི་གདན་ཞུས་སྐུ་མགྲོན་རྣམ་པ་ནི།

ད་ལྟ་ཨོ་གླིང་དུ་བཞུགས་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩོམ་པ་པོ་དང་སྙན་ངག་པ། བོད་དོན་ཉམས་ཞིབ་པ་སྐུ་ཞབས་གནམ་ལོ་ཡག་ལགས་དང་།

སྐུ་མགྲོན་གཞིན་ཞིག་ནི། ད་ལྟ་ཡུ་རོབ་སི་པན་དུ་བཞུགས་པའི་བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་ལས་ཁང་གི་རྒྱ་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་པ་ཟུར་བ་བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩོམ་པ་པོ། ཆབ་སྲིད་དཔྱད་བརྗོད་པ་སྐུ་ཞབས་སངས་རྒྱས་སྐྱབས་ལགས་ཡིན།

གསར་འགོད་པ་སྟག་ལྷ་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།