རྫ་ཆུའི་སྟེང་ཆུ་རག་དང་གཤམ་འོག་གི་རྒྱལ་ཁབ་ལ་དཀའ་ངལ།


2020.06.06
རྫ་ཆུའི་ཆུ་མགོར་ཆུ་རག་བརྒྱབ་པའི་ཤུགས་རྐྱེན། མེ་ཀོང་གཙང་པོའི་ཆུ་ཤུགས་ཇེ་ཆུང་དུ་འགྲོ་བཞིན་པའི་གནད་དོན།
ཨེ་ཨེཕ་པི།

༄༅།    །བོད་ཀྱི་ཁོར་ཡུག་ཟེར་བའི་ལེ་ཚན་ནང་། རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་སོགས་ཀྱི་ཆེད་དུ་བོད་ཀྱི་རྫ་ཆུ་གཙང་པོའི་ཐོག་གཞི་རྒྱ་ཆེ་བའི་ཆུ་རག་རྒྱག་བཞིན་ཡིན་པ་དེའི་རྐྱེན་པས་ཆུ་བོ་དེ་འབབ་ཡུལ་གྱི་གཤམ་འོག་རྒྱལ་ཁབ་མང་པོ་ཞིག་ལ་ཆུ་ཡི་དཀའ་ངལ་དང་ཐན་པའི་དཀའ་ངལ་སོགས་ཆེན་པོ་འཕྲད་བཞིན་ཡོད་ཀྱང། རྒྱ་ནག་གིས་གནས་ཚུལ་སྦས་ནས་གཡོལ་ཐབས་བྱེད་བཞིན་ཡིན་པ་སོགས་ཀྱི་སྐོར་བོད་ཀྱི་ཁོར་ཡུག་ཉམ་ཞིབ་པ་བདེ་ཆེན་དཔལ་མོ་ལགས་སུ་བཅའ་འདྲི་ཞུས་ནས་ཚེ་དབང་ནོར་བུ་ལགས་ཀྱིས་གནས་ཚུལ་ཕྱོིགས་བསྒྲིགས་བྱས་ཏེ་སྙན་སྒྲོན་ཞུས་པ་གསན་རོགས་ཞུ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎