ཧེན་རི་ཀི་སིན་ཇར་རྒྱ་ནག་གི་དཔོན་རིགས་དང་མཇལ་འཕྲད་གནང་བ།

2023.07.24
ཧེན་རི་ཀི་སིན་ཇར་རྒྱ་ནག་གི་དཔོན་རིགས་དང་མཇལ་འཕྲད་གནང་བ།
ཨེ་ཨེཕ་པི།

དགུང་ལོ་ ༡༠༠ ལ་ཕེབས་པའི་ཨ་མེ་རི་ཀའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ ཧེན་རི་ཀིསིན་ཇར་རྒྱ་ནག་ཏུ་ཕྱོགས་ཕེབས་གནང་སྟེ།  རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་།  རྒྱལ་སྲུང་བློན་ཆེན།  ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་གཙོ་འཛིན་བཅས་སོགས་མི་སྣ་མང་པོར་མཇལ་འཕྲད་གནང་ཞིང་།  རྒྱ་ནག་དཔོན་རིགས་ཀྱིས་ཁོང་ལ་རྒྱལ་དོན་རིམ་པའི་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་རེད། འདི་ནི་རྒྱ་ནག་དང་ཨ་རིའི་དབར་ལ་གཞུང་འབྲེལ་གྱི་དཔོན་རིགས་མཐོ་གྲས་མཇལ་མོལ་གནང་སྟེ་འབྲེལ་བ་གོང་སྤེལ་གཏོང་ཐབས་གནང་པའི་སྐབས་འདིར་གནད་དོན་དབྱེ་ཞིབ་པ་ཚོས་དོ་སྣང་བྱེད་གཞིར་གྱུར་ཡོད་པ་རེད། ཐེངས་འདིའི་བདུན་རེའི་དཔྱད་བརྗོད་ཀྱི་གླེང་སྟེགས་ལས་རིམ་ནང་། ཀིསིན་ཇར་གྱི་འཚམས་གཟིགས་ཕྱོགས་ཕེབས་འདིའི་སྐབས་ཕྱོིགས་གཉིས་ཀྱི་འབྲེལ་བ་བཟང་དུ་གཏོང་རྒྱུར་ཇི་ཕན་སོགས་ཀྱི་ཐད་བཀྲ་ཤིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎