ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ།

2025.02.18
ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ།
བོད་ཕྲུག་ཁྱིམ་སྡེ།

བོད་ཕྲུག་ཁྱིམ་སྡེ་ནི་ཕྱི་ལོ་ ༡༩༦༠ ལོར་བོད་ནས་འབྱོར་མ་ཐག་པའི་བུ་ཕྲུག་གསོ་སྐྱོང་ཁང་གི་ངོ་བོར་བཙུགས་པ་དང་། རིམ་བཞིན་སློབ་གྲྭའི་བསྟི་གནས་ཆེན་པོ་ཞིག་ཏུ་འཕེལ་རྒྱས་བྱུང་ཞིང་། འདས་ལོ་བཅུ་ཕྲག་དྲུག་ལྷག་གི་རིང་སློབ་ཕྲུག་ཁྲི་འཚོ་མང་པོར་ཤེས་ཡོན་གྱི་མདུན་ལམ་སྐྲུན་སླད་མཐུན་འགྱུར་སྦྱར་ཡོད། ད་ལྟའི་ཆར་རྒྱ་གར་གྱི་ས་ཁུལ་འདྲ་མིན་ནང་བོད་ཕྲུག་ཁྱིམ་སྡེའི་མ་ལག་མང་དག་ཅིག་དང་། གཏན་ཉིན་སློབ་གྲྭ་མང་པོ། ཤེས་ཡོན་གྱི་ལས་གཞི་གཞན་ཁག་ཀྱང་འཛིན་སྐྱོང་བྱེད་བཞིན་ཡོད། མ་ཟད་ཉེ་བའི་ཆར་འཛམ་གླིང་ས་ཕྱོགས་གང་ས་ནས་བོད་ཕྲུག་རྣམས་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭར་འཛུལ་ཞུགས་བྱེད་འགོ་བཙུགས་ཡོད། ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་ཡན་ལག་ལ་མཚོན་ན།  དེ་ཕྱོགས་སུ་བོད་པའི་སློབ་ཕྲུག་ཙམ་མ་ཟད། ལ་དྭགས་བྱང་ཐང་གི་ས་ཁུལ་མང་པོ་ནས་སློབ་ཕྲུག་དང་། ས་གནས་ལ་དྭགས་པ་མི་ཉུང་བ་ཞིག་ལ་ཡང་ཤེས་ཡོན་གྱི་མཐུན་རྐྱེན་སྦྱར་དང་སྦྱོར་བཞིན་ཡོད། གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  བོད་པའི་ཤེས་ཡོན་ལམ་ལུགས་དེས་ས་གནས་ལ་དྭགས་ལ་མཚོན་ན་ཤུགས་རྐྱེན་ཇི་ཙམ་ཐེབས་ཡོད་མེད་སོགས་ཀྱི་ཞིབ་རྟོག་སླད་ལ་དྭགས་ཁུལ་གྱི་མི་སེར་ཁྲོད་ནས་བོད་ཁྱིམ་དུ་སྐབས་དང་པོའི་སློབ་མ་སློབ་འཇུག་བྱས་པའི་གནས་སྟངས་རྒྱུས་ལོན་ཆེད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎