བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་སྐོར་གླེང་བ།

2016-08-19
གློག་འཕྲིན།
མཆན།
Share
པར་བཀོད།
ཤེས་རིག་ལས་ཁུངས་ནས་བཏོན་པའི་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ། ༢༠༡༦།༧
ཤེས་རིག་ལས་ཁུངས་ནས་བཏོན་པའི་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ། ༢༠༡༦།༧
དྲ་བཤུས།

སློབ་གསོ་རིག་པའི་ཆ་ནས་བྱིས་པ་ལ་སློབ་གསོ་སྤྲོད་སྟངས་དང་། སློབ་དེབ་གཏན་འབེབས་བྱེད་སྟངས།བརྡ་སྤྲོད་རིག་པའི་གཞུང་དང་མི་མཐུན་པའི་སྐད་དང་ཡི་གེ་ཞིག་བྱིས་པའི་རྒྱུད་ལ་འཇོག་ཉན་དང་མི་ཉན། དེ་བཞིན་སྐད་ཡིག་གཉིས་པའི་ཚུལ་དུ་སློབ་ཁྲིད་བྱེད་དགོས་ན། བརྡ་སྤྲོད་རིག་པའི་གཞུང་དང་མི་མཐུན་པའི་ནོར་འཁྲུལ་ཅན་རྐྱང་རྐྱང་བསླབ་ན་འགྲིན་མིན། བོད་རིགས་བྱིས་པ་ལ་བོད་རང་གི་སྐད་ཁྲིད་དུས་ཕ་སྐད་དེ་ཅིའི་ཕྱིར་སྐད་ཡིག་གཉིས་པའི་ཚུལ་དུ་བྱས་ཚུལ་སོགས་ཀྱི་ཐད་བགྲོ་གླིང་བྱེད་རྒྱུ་ཡིན།

གདན་ཞུ་སྐུ་མགྲོན།
བོད་མི་དམངས་མདོ་སྨད་སྤྱི་འཐུས་ཟུར་པ་དང་། བོད་གཞུང་སེ་ར་མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་བསོད་ནམས་རྒྱལ་མཚན་ལགས་དང་།
འདི་ག་རླུང་འཕྲིན་ཁང་གི་བསམ་བློའི་དཔྱད་གཞི་ཞེས་པའི་ཆེད་བསྒྲིགས་ལེ་ཚན་མདོ་འཛིན་པ་ཀ་བཙུན་བླ་མ་སྐྱབས་ལགས་གཉིས་ཡིན།

གསར་འགོད་པ་སྟག་ལྷ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།