ཏོག་དབྱིབས་ཀྱིས་མནར་བའི་བོད་མི་ཚོར་རོགས་སྐྱོར།
2021.05.13

ཐེངས་འདིའི་གསར་འགྱུར་དཔྱད་གཏམ་གྱི་ལེ་ཚན་ནང་། Australia འི་ནང་གི་བོད་མི་ཚོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་སྔོན་འགོག་ལས་དོན་ཚོགས་ཆུང་གི་ཚོགས་མི་སོགས་ཆེད་ལས་མི་སྣ་དང་གོ་བསྡུར་ལམ་སྟོན་ཞུས་ཏེ། རྒྱ་གར་ནང་དུ་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་ནང་ལྷུང་བའི་བོད་མི་ཚོར་སྨན་བཅོས་ཡོ་ཆས་ཉོ་རྒྱུའི་ཆེད་དུ་དཔལ་འབྱོར་བསྡུ་རུབ་ཀྱི་ལས་གཞི་ཞིག་གོ་སྒྲིག་གནང་བཞིན་ཡོད་པའི་སྐོར་ལ་གཡུ་སྒྲོན་ལགས་ཀྱིས་Australiaའི་བོད་མི་དམངས་སྤྱི་འཐུས་གདོང་དུས་སྐྱིད་འཛོམས་ལགས་སུ་བཀའ་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ་གཡུ་སྒྲོན།