གསོག་སྒར་སློབ་གྲྭའི་གནས་སྟངས་བརྟན་པོ་མེད་པ་ཆགས་འདུག

2016-08-18
གློག་འཕྲིན།
མཆན།
Share
པར་བཀོད།
གསོག་སྒར་རམ་ཤེས་རབ་དགའ་ཚལ་སློབ་གླིང་།
གསོག་སྒར་རམ་ཤེས་རབ་དགའ་ཚལ་སློབ་གླིང་།
sherig.org

རྒྱ་ནག་གི་བཙན་འོག་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་ན་གཞོན་ཚོར་ཤེས་ཡོན་གྱི་གོ་སྐབས་སྤྲོད་སའི་གསོག་སྒར་སློབ་གྲྭའི་གནས་སྟངས་བརྟན་པོ་མེད་པ་ཆགས་ཡོད་འདུག
དེ་ཡང་ཉི་ཧོང་གི་(Nikkei Asian Review)་ཟེར་བའི་གསར་ཤོག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་༢༠༠༨་ལོར་བོད་ཀྱི་ས་ཁུལ་གང་སར་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་མ་བྱས་གོང་བོད་ནས་ས་མཚམས་འདྲ་མིན་བརྒྱུད་རྒྱ་གར་དུ་བྲོས་བྱོལ་ལ་ཡོང་མཁན་བོད་མི་ན་གཞོན་ཧ་ཅང་མང་པོ་ཡོད་པར་བརྟེན། བོད་མི་ན་གཞོན་དེ་དག་ལ་དགོས་མཁོའི་ཤེས་ཡོན་གྱི་གོ་སྐབས་སྤྲོད་རྒྱུར་དམིགས་ཏེ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཞུགས་སྒར་རྡ་རམ་སཱ་ལའི་ཉེ་འགྲམ་དུ་གསོག་སྒར་སློབ་གྲའམ་ཤེས་རབ་དགའ་ཚལ་སློབ་གླིང་ཞེས་ལོ་ན་༡༨ནད་༣༠་བར་གྱི་ན་གཞོན་ཚོར་སློབ་གྲྭ་གསར་རྒྱག་གནང་ཡོད་ཀྱང༌། ༢༠༠༨་ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས། རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་སྤྱི་དང་ལྷག་པར་དུ་བོད་མི་བྲོས་བྱོལ་དུ་ཡོང་སའི་ས་མཚམས་ཁག་ཏུ་དམ་དྲག་ཧ་ཅང་ཤུགས་ཆེ་རུ་བཏང་བའི་རྐྱེན་གྱིས། དེང་སྐབས་བོད་ནས་བྲོས་བྱོལ་དུ་ཡོང་ཐུབ་མཁན་ཉུང་ཤས་ལས་མེད་སྟབས། ཐོག་བརྩེགས་གསུམ་ཅན་གྱི་ཁང་བརྩེགས་ནང་གི་སློབ་གྲའི་འཛིན་གྲྭ་ཕལ་ཆེ་བ་སྟོང་བར་ལུས་བའི་གནས་སྟངས་ཆགས་ཡོད་སྐོར་དང༌།
ཡང་དེ་འདྲའི་གནས་སྟངས་ཡོང་དགོས་པའི་རྒྱུ་མཚན། དེ་སྔ་ཕྱི་ལོ་༢༠༠༨་ལོའི་གོང་དུ། ལོ་རེའི་ནང་བོད་ནས་བྲོས་བྱོལ་དུ་ཡོང་མཁན་མི་གྲངས་༣༥༠༠་ཙམ་ཡོད་ཀྱང་། ད་ཆ་ལོ་རེའི་ནང་བྲོས་བྱོལ་དུ་ཡོང་མཁན་མི་གྲངས་བརྒྱ་ཙམ་ལས་ཡོང་གི་མེད་པ་མ་ཟད། ལོ་ན་ཆུང་བའི་ན་གཞོན་ཡོང་མཁན་དེ་བས་ཉུང་དུ་ཕྱིན་ཡོད་སྟབས། ལོ་དགུའི་གོང་དུ་སློབ་གྲའི་ནང་སློབ་ཕྲུག་༧༠༠་ཙམ་ཡོད་པ་ནས་ད་ཆ་སློབ་ཕྲུག་གྲངས་༡༠༡་ལས་མེད་པའི་གནས་སྟངས་ཆགས་ཡོད་པ་རེད།
གནས་ཚུལ་དེའི་ནང་བཀོད་དོན། རྒྱ་ནག་གི་བཙན་འོག་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་ན་གཞོན་ཚོར་ཤེས་ཡོན་གྱི་གོ་སྐབས་སྤྲོད་སའི་གསོག་སྒར་སློབ་གྲྭའི་གནས་སྟངས་བརྟན་པོ་མེད་པ་ཆགས་བཞིན་པ་དེ་མ་འོངས་བར་གདོང་ལེན་བྱེད་དགོས་གྱུར་ཡོད་ཚུལ་དང་།
པའི་སྐོར་གཟའ་ཕུར་བུ་ཉིན་NIKKEIཞེས་པའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་ཞིག་སྤེལ་འདུག
གནས་ཚུལ་དེའི་ནང་བཀོད་དོན་། མི་གྲངས་སྟོང་གཅིག་ཙམ་ཤོང་སའི་བོད་ཀྱི་སྣེ་ལེན་ཁང་སྟེ་བོད་ནས་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་མཁན་རྣམས་ཀྱིས་ཐོ་འགོད་བྱེད་ཡུལ་དེར་ཡང་ད་ལྟ་ལས་བྱེད་རྣམས་མ་གཏོགས་མེད་པ་དང་། སྣེ་ལེན་ཁང་གི་ཞིབ་འཇུག་པ་དབང་ཕྱུག་ལགས་ཀྱིས་༢༠༠༨་ལོའི་སྔོན་ལ་ལོ་རེར་བོད་ནས་བོད་མི་སུམ་སྟོང་ལྔ་བརྒྱ་ཙམ་འབྱོར་ཡོད་ཀྱང་ད་ལྟ་ལོ་གཅིག་གི་ནང་མི་གྲངས་བརྒྱ་ཡང་འབྱོར་ཁག་པོ་ཡིན་སྐོར་དང་། མི་གྲངས་དེ་ལྟར་ཇེ་ཉུང་དུ་འགྲོ་དགོས་དོན་ནི་སྐྱབས་བཅོལ་དུ་འགྲོ་མཁན་རྣམས་ཀྱི་ཐོག་རྒྱ་ནག་གཞུང་གིས་བཀག་སྡོམ་ནན་མོ་བྱེད་བཞིན་པའི་དབང་གིས་ཡིན་པ་ཁོང་གིས་མུ་མཐུད་འགྲེལ་བརྗོད་གནང་འདུག
བོད་ནས་སྐྱབས་བཅོལ་དུ་ཡོང་རྒྱུ་ནི་ཆེས་དཀའ་སྡུག་ཆེ་བ་ཞིག་ཡིན་ཞིང་། མི་མང་ཆེ་བས་རང་ཉིད་ཀྱི་མཁོ་དངོས་དང་ཟ་མ་སོཊ་ཁུར་ནས་བལ་ཡུལ་རྒྱུད་རྒྱ་གར་དུ་བསྐྱོད་དགོས་ཡོད་ཅིང་། བོད་མི་སྐྱབས་བཅོལ་བ་རྣམས་བལ་ཡུལ་དང་བོད་ཀྱི་ས་མཚམས་སུ་རྒྱ་ནག་དམག་མིའི་ལྟ་སྲུང་འོག་ནས་ཐར་ཐུབ་པ་བྱུང་ཡང་། བལ་ཡུལ་གྱི་ས་ཐོག་ཏུ་སླེབས་དུས་བལ་བོའི་མཐའ་སྲུང་དམག་མིས་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཀྱིན་ཡོད་པ་དང་། ལྷག་པར་དུ་༢༠༠༨་ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་རྗེས་རྒྱ་ནག་གཞུང་གིས་བོད་མིའི་སྔར་ལས་ལྷག་པའི་དམ་དྲག་གི་སྲིད་ལག་བསྟར་བྱས་རྗེས། ༢༠༠༩ལོ་ནས་བཟུང་ད་བར་བོད་མི་༡༤༠་ལྷག་གིས་རྒྱ་ནག་གཞུང་གིས་བོད་ཀྱི་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད་པ་སོཊ་ཀྱི་གནས་ཚུལ་སྤེལ་འདུག
གོང་གི་ཤེས་རབ་དགའ་ཚལ་སློབ་གླིང་ནི་བོད་ནས་ཕེབས་པའི་སློབ་ལོ་ཡོལ་ཟིན་པ་ཚོར་འཕྲལ་སེལ་བོད་དབྱིན་དང་རྩོས་འཁོར། ལག་ཤེས་སོགས་སྦྱོང་སའི་སློབ་གྲྭ་ཞིག་ཡིན་ཞིང་། བར་ལམ་སློབ་གྲྭ་གཞན་དང་གྲྭ་ས་སོགས་ནས་ཡོང་མཁན་ཚོར་གོ་སྐབས་གཉིས་པ་སྤྲོད་བཞིན་ཡོད་ཀྱང་། འདས་པའི་ལོ་ཤས་གོང་ནས་སློབ་ཕྲུག་ཇེ་ཉུང་དུ་ཕྱིན་ཡོད་པ་རེད།

གསར་འགོད་པ་ངག་ཆོས་དང་རྡོ་རྗེ་འཚོ།

མཆན། (1)
Share

མིང་འདོན་མེད་པའི་ཀློག་མཁན།

བོད་མི་འདུས་སྡོད་བྱེད་སའི་བོད་པའི་གནས་ཚུལ་ཡང་རྒྱལ་ཁབ་གཞན་གྱི་གསར་འགྱུར་ནས་རྐུ་བཤུ་བྱེད་དགོས་པ་འདི་ངོ་ཚ་རེད། ད་དུང་རང་གིས་རང་ལ་གསར་འགོད་པ་ཟེར།

Aug 21, 2016 01:43 AM

དྲ་གནས་ཆ་ཚང༌།