རྒྱ་ནག་གི་བཙན་བཀའི་འོག་གོ་འཇོ་རྫོང་འོག་གི་གྲོང་ཚོ་གཅིག་སྟོད་ལུང་ཕྱོགས་སུ་གནས་སྤོ།

2018-10-11
གློག་འཕྲིན།
མཆན།
Share
པར་བཀོད།
གོ་འཇོ་ཕྱོགས་ཀྱི་ས་ཁྲ།
གོ་འཇོ་ཕྱོགས་ཀྱི་ས་ཁྲ།
Photo: RFA

རྒྱ་ནག་གི་བཙན་བཀའི་འོག་གོ་འཇོ་རྫོང་ས་ངན་ཁུལ་གྱི་བྱང་གསུམ་ཤང་ནས་ཁྱིམ་ཚང་ཉི་ཤུ་རྩ་གཅིག་ཡོད་པའི་གྲོང་ཚོ་གཅིག་ལྷ་སའི་སྟོད་ལུང་ཁུལ་དུ་གནས་སྤོས་བྱེད་བཞིན་ཡོད་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་བར་གཞིགས་ན། གནས་ཚུལ་ངོ་སྤྲོད་གནང་མཁན་གྱིས། རྒྱ་ནག་ས་གནས་གཞུང་གིས་བཙན་བཀའ་བཏང་བའི་འོག་གོ་འཇོ་ས་ངན་ཁུལ་གྱི་བྱང་གསུམ་ཤང་ཁུལ་དུ་གྲོང་ཚོ་ཁག་དགུ་ཡོད་པའི་ནང་ནས་ཁྱིམ་ཚང་༢༡ཡོད་པའི་གྲོང་ཚོ་ཞིག་ཕྱི་ཟླ་བཅུ་པའི་ཚེས་༨ནས་གནས་སྤོས་བྱེད་སྒོ་ཚུགས་ཡོད་པ་དང་། གྲོང་ཚོ་དེའི་ཁྱིམ་ཚང་དེ་དག་གི་མི་དང་དངོས་ཟོག་རྣམས་མགོ་ལྗོ་རི་མཛོ་ཞེས་པའི་ས་གནས་སུ་དྲེལ་དང་རྟ་སོགས་ལ་སྐྱལ་ནས་དབོར་འདྲེན་བྱས་ཡོད་པ་དང་། ཕྱི་ཚེས་དགུ་ཉིན་གྲོང་མི་དེ་དག་ས་གནས་གཞུང་གིས་བསྐོད་སྒྲིག་བྱས་པའི་སྤྱི་སྤྱོད་སྣུམ་འཁོར་གྱིས་ལྷ་སའི་ཉེ་འདབས་སྟོད་ལུང་ཁུལ་དུ་དབོར་འདྲེན་བྱས་ཡོད་པའི་སྐོར་བརྗོད་འདུག
རྒྱ་ནག་གཞུང་གིས་བོད་མི་ཚོ་ས་གནས་ཞིག་ནས་ས་གནས་གཞན་དུ་དབོར་འདྲེན་བྱེད་ཡས་ཀྱི་ལས་གཞི་དེ་བཞིན་དབུལ་སྐྱོར་ལས་གཞི་ཞེས་འབོད་ནས་ལག་བསྟར་བྱེད་བཞིན་ཡོད་འདུག

གསར་འགོད་པ་ཟླ་བ་སྒྲོལ་མ་དང་། འཆི་མེད།

མཆན། (0)
Share
དྲ་གནས་ཆ་ཚང༌།