བོད་མིའི་འཐབ་རྩོད་དང་གློག་བརྙན།

2021-01-26
Share
བོད་མིའི་འཐབ་རྩོད་དང་གློག་བརྙན། བོད་ནང་ལོ་བདུན་དང་སྐུ་མདུན་གློག་བརྙན་བརྒྱུད་འཛམ་གླིང་རྒྱལ་སྤྱིའི་སྡིངས་ཆར་གོ་བསྐོན་འབུར་ཐོན་སྤེལ་བ་བྱུང་ཡོད་པ་རེད།
ལྷག་པ་མཚམས་གཅོད།

༄༅།།བོད་མིའི་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་བོད་མིའི་ཚེ་སྲོག་བློས་གཏོང་གིས་མཚོན་མི་རྒྱུ་གང་ཅིའི་བློས་གཏོང་ཆེན་པོ་བྱེད་ཡོད་པ་དང་མཉམ། རྒྱལ་སྤྱིའི་ཁྲོད་དུ་བོད་མིའི་འཐབ་རྩོད་ཀྱི་ངོ་བོ་རྒྱུན་སྐྱོང་དང་རྒྱ་ཁྱབ་ཇེ་ཆེར་ཐོངས་རྒྱུར་གློག་བརྙན་དང་། དུས་སྟོན་ཆེ་ཁག ལས་འགུལ་རིམ་པ་སྣ་ཚོགས་བྱུང་བའི་ཁྲོད། བོད་ནང་ལོ་བདུན་དང་སྐུ་མདུན་གློག་བརྙན་བརྒྱུད་འཛམ་གླིང་རྒྱལ་སྤྱིའི་སྡིངས་ཆར་གོ་བསྐོན་འབུར་ཐོན་སྤེལ་བ་བྱུང་ཡོད་པ་རེད། བོད་ནང་ལོ་བདུན་གྱི་ཨ་རིའི་ཧོ་ལི་ཝུཌ་གློག་བརྙན་དེའི་ནང་བེུད་འཁྲབ་སྟོན་པ་གཙོ་གྲས་ལྷག་པ་མཚམས་གཅོད་ལགས་དང་ལྷན་ཁོང་གི་མི་ཚེའི་ནང་གློག་བརྙན་དེས་ཤུགས་རྐྱེན་དང་ཉམས་མྱོང་བཅས་ཀྱི་ཐད་ལ་བཀའ་དྲི་ཞུས་སྐབས། ཁོང་ལ་ནང་བསམ་བློའི་ཐོག་ནས་དམིགས་བསལ་ཤུགས་རྐྱེན་ཐེབས་ཤིང་། ལོ་གསུམ་ཟླ་གསུམ་གྱི་མཚམས་བསྙེན་སྒྲུབ་གནང་བ་སོགས་ཐུང་མོང་མ་ཡིན་པ་ཁྱད་པར་ཅན་ཞིག་བྱུང་ཡོད་པར་འདི་དག་ཐད་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།

གསར་འགོད་པ་བཀྲ་ཤིས་དབང་ཕྱུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།