མཛའ་འབྲེལ་སླད་ཐུན་མོང་གི་གཞི་རྟེན།
2017.01.25
༄༅། །ཐེངས་འདིའི་ཁ་བའི་གྲོས་རྭ་ཞེས་པའི་བརྗོད་གཞིའི་ནང་། ཉེ་སྔོན་སྤྱི་ཟླ་༡༡པའི་ནང་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་ནས་ཡིན་པའི་རྒྱ་རིགས་བུ་མོ་མིང་ལ་ཇའོ་སན་ཐན་ཞེས་པ་ཞིག་གིས་བོད་རིགས་རྣམས་ལ་དྲ་བརྙན་གྱི་ལམ་ནས་ཁ་རྡུང་ཤུགས་ཆེ་བཏང་བ་དང་། དེ་ལ་བརྟེན་ནས་བོད་ནང་གི་གཞོན་སྐྱེས་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་དྲ་བརྙན་གྱི་ལམ་ནས་མོ་ལ་རྒྱུ་མཚན་དང་གནས་ལུགས་བཤད་ནས་ལན་འདེབས་ལས་ཕྲོད་པའི་རྒྱ་བོད་མི་རིགས་དབར་མཛའ་འབྲེལ་ཡོང་ཐབས་ཐུན་མོང་གི་གཞི་རྟེན་སྐོར་གླེང་བ་སྐུ་མགྲོན་གཙོ་བོ་བོད་མི་དམངས་སྤྱི་འཐུས་ཟུར་པ་དང་རྩོམ་པ་པོ་ཧོར་གཙང་འཇིགས་མེད་ལགས་དང་། ཨ་རིའི་Virginia གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་དང་བོད་དོན་ཉམས་ཞིབ་པ་བསྟན་འཛིན་ཐོས་བསམ་ལགས་རྣམ་པ་གཉིས་དང་རྡོ་རྗེ་དགྲ་འདུལ་གྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།