བོད་མཐོ་སྒང་གི་ཐོག་འཛམ་གླིང་གི་ཉི་འོད་དང་ཆུ་ཤུགས་གློག་བཟོ་སྐྲུན་བྱེད་འགོ་བཙུགས་པ།
2023.07.15
༄༅།དེ་རིང་གི་བོད་ཀྱི་ཁོར་ཡུག་ཟེར་བའི་ནང་རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་ཐོག་འཛམ་གླིང་གི་ཉི་འོད་དང་ཆུ་ཤུགས་གློག་འདོན་ཟུང་འབྲེལ་གྱི་ལས་གྲ་གཞི་རྒྱ་ཆེ་ཤོས་དེ་ནས་གློག་གི་ནུས་ཤུགས་བཟོ་སྐྲུན་བྱེད་འགོ་བཙུགས་བཞིན་ཡོད་པའི་གནས་ཚུལ་དང་འབྲེལ་ལས་གཞི་དེ་དག་གིས་བོད་མི་ལ་ཕན་ཐོགས་ག་ཚོད་ཡོད་མེད་དང་བོད་ཀྱི་ཁོར་ཡུགས་ལ་ཤུགས་རྐྱེན་ག་རེ་ཐེབས་ཀྱི་སྐོར་བོད་ཀྱི་སྲིད་བྱུས་ཉམ་ཞིབ་ཁང་གི་ཉམ་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་དགྱེས་གཞོང་ལགས་སུ་བཅའ་འདྲི་ཞུས་ཏེ་ཚེ་དབང་ནོར་བུ་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་པ་གསན་རོགས་ཞུ།།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།