བོད་མིས་ངོ་རྒོལ་སྤེལ་མི་ཆོག་པའི་ཉེན་བརྡ།
2014.03.23
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཐུབ་བསྟན་སངས་རྒྱས།
༄༅༎ཕྱི་ཟླ་༣ཚེས་༢༢ཉིན་བལ་ཡུལ་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་བསྟི་གནས་ཁང་གི་ཚོགས་ཆེན་ཐེངས་བདུན་པའི་ཐོག་བལ་ཡུལ་ནང་སྲིད་བློན་ཆེན་གོ་ཏམ་མཆོག་ནས་བལ་ཡུལ་དུ་སྐྱབས་བཅོལ་བ་འབྱོར་ནས་ཉམས་རྒུད་ཕྱིན་ཡོད་པར་བརྟེན་སྐྱབས་བཅོལ་བར་རོགས་སྐྱོར་བྱེད་རྒྱུ་མཚམས་འཇོག་དགོས་པ་དང༌།དེ་བཞིན་བོད་མི་སྐྱབས་བཅོལ་བས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཚེ་ཁྲིམས་ཆད་གཅད་རྒྱུའི་ཉེན་བརྡ་བཏང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་ཐུབ་བསྟན་སངས་རྒྱལ་ལགས་ནས་གནས་ཚུལ་ཕྱོགས་སྒྲི་གཞུས་པར་གསན་རོགས༎