ཨི་ཊ་ལི་གྲོས་ཚོགས་གོང་འོག་གི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བ།

0:00 / 0:00

ཡོ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ ༡༠ ལྷག་ནས་བོད་མི་ ༡༢༠༠ བརྒལ་བ་ཨི་ཊ་ལི་རྒྱལ་ས་རོམ་དུ་འདུ་འཛོམས་གནང་སྟེ་བོད་མིའི་སྒེར་ལངས་ཐེངས་ ༦༤ པའི་སྐབས་གཞི་རྒྱ་ཆེ་བའི་རྔམ་སྟོན་ལས་འགུལ་སྤེལ་ཞིང་། ལྷག་པར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས་དབུ་བཞུགས་ཐོག་ཨི་ཊ་ལི་གྲོས་ཚོགས་གོང་འོག་གི་འཐུས་མི་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་འཛུགས་གནང་ཐུབ་པ་འདི་ནི་རྒྱས་འཛོམས་འདིའི་ལས་དོན་གྲུབ་འབྲས་ཆེ་ཤོས་ཤིག་ལ་ཡོ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ངོས་འཛིན་གནང་གི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། གཤམ་ལ་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཡོ་རོབ་ཁུལ་གྱི་བོད་དོན་ལས་འགུལ་གནང་ཕྱོགས་ཐད་གྲུབ་འབྲས་ཇི་ཐོན་དང་ཡར་རྒྱས་གཏོང་དགོས་པའི་སྐྱོན་ཆ་ཇི་ཡོད་བཅས་ཀྱི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་ཡོ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་སུ་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།