རྫ་ཆུའི་ཐོག་ཆུ་མཛོད་གློག་ཁང་བརྒྱབ་པའི་རྐྱེན་གྱིས་ཉ་སོགས་རྩ་སྟོང་དུ་འགྲོ་ཉེན་ཡོད་པ།

2024.03.22
རྫ་ཆུའི་ཐོག་ཆུ་མཛོད་གློག་ཁང་བརྒྱབ་པའི་རྐྱེན་གྱིས་ཉ་སོགས་རྩ་སྟོང་དུ་འགྲོ་ཉེན་ཡོད་པ།
ཨེ་ཨེཕ་པི།

དེ་ནས་དེ་རིང་གི་བོད་ཀྱི་ཁོར་ཡུག་ཟེར་བའི་ལེ་ཚན་ནང་ཐོག་མ་བོད་ནས་འབབས་པའི་རྫ་ཆུ་གཙང་པོ་དེ་ནི་རྒྱ་ནག་གཙོས་པའི་ལྷོ་ཤར་ཨི་ཤེ་ཡའི་རྒྱལ་ཁབ་མང་པོ་ཞིག་གི་བརྒྱུད་འབབས་ཏེ་མི་ས་ཡ་མང་པོ་ཞིག་གིས་འཚོ་གནས་དང་ཉ་ལ་སོགས་པའི་སྐྱེ་ལྡན་གྱི་སྲོག་ཆགས་མང་པོ་ཞིག་གི་འཚོ་གནས་ཀྱི་ཆེད་དུ་གལ་གནད་ཆེ་བའི་གཙང་ཆུ་ཞིག་ཡིན་ན་ཡང་། རྒྱ་ནག་གཞུང་གིས་གཙང་ཆུ་དེའི་འགོ་སྟོད་དུ་རྒྱ་ནག་གཞུང་གིས་ཆུ་མཛོད་གློག་ཁང་མང་པོ་ཞིག་བརྒྱབ་པ་དང་རྒྱག་བཞིན་པ་ཡིན་པ་དེས་རྐྱེན་པས་ད་ཆ་སྟོང་ལ་ཉེ་བའི་ཉ་ལ་སོགས་པ་ལྔ་ཆ་གཅིག་དེ་རྩ་སྟོང་དུ་འགྲོ་ཉེན་ཡོད་པ་འཛམ་གླིང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཆོགས་པ་དང་མཚོ་རུ་གནས་པའི་སྐྱེ་དངོས་སྲུང་སྐྱོབ་ཚོགས་པ་སོགས་ཀྱིས་ཉམ་ཞིབ་ཀྱི་སྙན་ཐོ་བཏོན་ཡོད་པའི་ཚེ་དབང་ནོར་བུ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་བྱས་ཏེ་སྙན་སྒྲོན་ཞུས་པ་གསན་རོགས་ཞུ།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་དགོངས་པ་རྫོགས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎