རྒྱུད་གཅིག་ལམ་གཅིག
2017.05.17
ཉེ་ལམ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་པའི་རྒྱུད་གཅིག་ལམ་གཅིག རྒྱལ་སྤྱིའི་ལྷན་ཚོགས་དེའི་གནད་འགག་སྐོར་དང་།རྒྱ་ནག་གི་དབང་ཐང་རྒྱ་སྐྱེད་དུ་གཏོང་བའི་གཞི་རྒྱ་ཆེ་བའི་ལས་འཆར་གྱི་མཐར་ཐུག་དམིགས་ཡུལ་ཇི་ཡིན་མིན། དེས་བོད་ཀྱི་རྩ་དོན་འགྲུབ་ཐབས་སུ་ཤུགས་རྐྱེན་གང་འདྲ་ཡོང་སྲིད་པའི་སྐོར།
སྐུ་མགྲོན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་སྐུ་ངོ་བསྟན་འཛིན་བཀྲས་མཐོང་ལགས་དང་། རྩོམ་པ་པོ་དང་བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་གཉིས་དང་མཉམ་དུ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་གླེང་མོལ།