གསང་མྱུལ་དབུགས་ལྒང་གཏོར་རྗེས་ཨ་རི་དང་རྒྱ་ནག་གི་འབྲེལ་བ།
2023.02.07
ཨ་མེ་རི་ཀས་རྒྱ་ནག་གི་གསང་མྱུལ་དབུགས་ལྒང་གཏོར་རྗེས། རྒྱ་ནག་པེ་ཅིང་གཞུང་གིས་མ་དགའ་མདོག་དྲག་པོ་བསྟན་པ་དང། ཆབས་ཅིག་དགོས་ངེས་ཀྱི་རྣམ་འགྱུར་སྟོན་རྒྱུའི་ཐོབ་ཐང་ཡོད་ལུགས་སྡིགས་བསྐུལ་བྱས་བར། གནད་དོན་དབྱེ་ཞིབ་པས་དེ་ནི་རྒྱ་ནག་གཞུང་གིས་འཛམ་བུ་གླིང་གི་མདུན་ནས་རང་མཚང་ཕྱིར་བཏོན་པ་འབའ་ཞིག་དང་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ངེས་པར་ཚོད་དཔག་བྱས་ཡོད་པའི་སྐོར། སྟག་ལྷ་རྒྱལ་གྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་རྒྱང་སྲིང་བྱས་པར་གསན་རོགས་གནོངས།
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།